ཟླ་ལྔ་བའི་ཚེས་ལྔ་ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།རྒྱལ་ཁབ་རིག་གནས་པུའུ་ཡིས་སྐོར་ཐེངས་གསུམ་པའི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞིའི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པར་མཚམས་སྦྱོར་བྱས་པའི་མིང་ཐོ་གཏན་ཁེལ་བྱས་པར་མ་ཟད།ཟླ་ལྔ་བའི་ཚེས་ལྔ་ཉིན་ནས་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱས་པ་དང་།ཁྱབ་སྒྲོག་བྱེད་པའི་དུས་ཡུན་ཉིན་བཅོ་ལྔ་རེད།
རིག་གནས་པུའུ་ཡིས་སྐོར་ཐེངས་གསུམ་པའི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བག་རིག་གནས་ལས་གཞིའི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པའི་ནང་མི་བདུན་བརྒྱ་དང་དྲུག་མཚམས་སྦྱོར་བྱས་ཡོད་པ་གཏན་ཁེལ་བྱས་པ་དང་།ལས་གཞི་དེ་དམངས་ཁྲོད་རྩོམ་རིག་དང་།སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ཟློས་གར། གཞས་མ་གཏམ།སྲོལ་རྒྱུན་ལུས་རྩལ།རྐྱལ་རྩལ།རྩེད་རྩལ།སྲོལ་རྒྱུན་མཛེས་རྩལ།སྲོལ་རྒྱུན་ལག་རྩལ།སྲོལ་རྒྱུན་སྨན་རྫས།དམངས་སྲོལ་སོགས་སྣ་ཁ་བཅུ་ལ་འབྲེལ་ཡོད།