བཀྲ་ཤིས་ཉི་མས་༢༠༠༩ལོར་བྱེད་རྒྱུའི་བོད་ཁུལ་གྱི་སྐོར་གཡེང་འཁྲབ་སྟོན་དེ་ད་ལོའི་སྤྱི་ཟླ་དྲུག་པ་ནས་འགོ་འཛུགས་རྒྱུ་ཡིན་པ་དང་། སྐོར་གཡེང་འཁྲབ་སྟོན་བྱེད་ས་དང་པོ་ནི་ཟི་ལིང་དུ་རེད། ད་རེས་ཀྱི་སྐོར་གཡེང་འཁྲབ་སྟོན་ནི་བཀྲ་ཤིས་ཉི་མ་སྒེར་གྱི་སྐོར་གཡེང་འཁྲབ་སྟོན་བྱེད་ཐེངས་གསུམ་པ་དེ་ཡིན། བཀྲ་ཤིས་ཉི་མས་ད་ཐེངས་བོད་ཁུལ་དུ་སྐོར་གཡེང་འཁྲབ་སྟོན་བྱེད་ས་ནི་རིམ་བཞིན་མཚོ་སྔོན་གྱི་ཟི་ལིང་དང་། བོད་ལྗོངས་ཀྱི་ལྷ་ས། ཡུན་ནན་བདེ་ཆེན་གྱི་ཤམ་བྷ་ལ། ཀན་ལྷོའི་གཙོད། རྔ་པའི་འབར་ཁམས་བཅས་སུ་རེད།