中文  |   ENGLISH
 
 
 
དེ་རིང་དོ་སྣང་།: སྲིད་གཞུང་དང་ལས་རིགས་སྤྱོད་ཚུལ་སྐོར་གྱི་བོད་སྐད་ཐད་སྦྲེལ་ཁ་པར་ལེ་ཚན་སྤྱི་ཟླ༨པའི་ཚེས༡༠ཉིན་འགོ་བཙུགས་རྒྱུ་ཡིན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
གླུ་གཞས་ཆ་འཕྲིན།
མ་ངོས། > གླུུ་གར་བདུད་བརྩི། > གླུ་གཞས་ཆ་འཕྲིན། > ཨ་ཅག་རོལ་ཚོགས་ཀྱི་ཆེད་སྒྲིག་བརྙན་འཁོར་གསར་པའི་མདུན་ཤོག་པར་རིས་དྲ་བ་བརྒྱུད་དེ་བཀྲམ་པ།
ཨ་ཅག་རོལ་ཚོགས་ཀྱི་ཆེད་སྒྲིག་བརྙན་འཁོར་གསར་པའི་མདུན་ཤོག་པར་རིས་དྲ་བ་བརྒྱུད་དེ་བཀྲམ་པ།
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།--བོད་ལྗོངས་རླུང་འཕྲིན།
2009-11-27 10:18:12

ཨ་ཅག་རོལ་ཚོགས་ཀྱི་ཆེད་སྒྲིག་གསར་པའི་མདུན་ཤོག་པར་རིས།

བོད་རིགས་བུད་མེད་ཀྱིས་གྲུབ་པའི་རྒྱལ་ནང་གི་གླུ་ལེན་རོལ་ཚོགས་ཐོག་མ་སྟེ།   ཨ་ཅག་རོལ་ཚོགས་ཀྱིས་མི་འགྱངས་པར་ཆེད་སྒྲིག་བརྙན་འཁོར་གཉིས་པ་ཨ་ཅག་གི་མཇལ་འཛོམས་ཞེས་པ་འགྲེམ་སྤེལ་བྱ་རྒྱུ་ཡིན་ལ།  ད་ལྟ་ཆེད་སྒྲིག་དེའི་མདུན་ཤོག་གི་པར་རིས་དྲ་བ་བརྒྱུད་དེ་ཡོངས་སུ་བཀྲམ་ཡོད།

ཉིས་སྟོང་གསུམ་ལོར་ཁོ་མོ་ཚོ་དངོས་སུ་གར་སྟེགས་སུ་ཐོན་པ་ནས་བོད་རིགས་བུ་མོ་འདི་གསུམ་གྱིས་རོལ་མོའི་སྒྱུ་རྩལ་གྱི་ཉིང་བཅུད་རྨང་ནས་གཞིབ་མགོ་བརྩམས་ལ་དེའི་ཐད་རྔུལ་ཁྲག་གི་སེམས་ཤུགས་ཀྱང་མང་པོ་ཞིག་བཏོན་པ་རེད།  ད་ལོ་མི་འགྱངས་པར་ཚོང་རར་འགྲེམ་རྩིས་ཡོད་པའི་ཆེད་སྒྲིག་བརྙན་འཁོར་ཨ་ཅག་གི་མཇལ་འཛོམས་ཞེས་པའི་ནང་བསྡོམས་པས་གཞས་བཅུ་གཉིས་ཡོད་ལ། དེ་ནི་ཨ་ཅག་རོལ་ཚོགས་ཀྱིས་ཉེ་བའི་ལོ་འགའི་རིང་གླུ་གཞས་སྒྱུ་རྩལ་ལ་ཧུར་གྱིས་བརྩོན་སེམས་བསྐྱེད་པའི་འབྲས་བུ་རྡོག་རྡོག་ཅིག་ཀྱང་རེད།  གཞས་གསར་པ་འདི་རིགས་ཀྱི་སྒྲིག་སྦྱོར་ཚགས་ཞིབ་སྤུས་ལེགས་ཡིན་པས་དེས་རོལ་མོ་ནི་ནམ་ཡང་མིའི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་འཚོ་བཅུད་ཡིན་པ་བསྟན་ཡོད།  གཞན་བརྙན་འཁོར་གྱི་མདུན་རྒྱབ་ཀྱི་མཛེས་རིས་ཇུས་འགོད་ལ་ཕྱོགས་གཅིག་ནས་བབ་ཆགས་དང་ཅིག་ཤོས་ནས་དེང་རབས་ཀྱི་ཁྱད་ཆོས་སྨྲ་མི་ཤེས་པ་ཞིག་ཐོན་ཡོད།
རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  ཆེད་སྒྲིག་བརྙན་འཁོར་དེའི་ནང་ཨ་ཅག་རོལ་ཚོགས་དང་ཁྲིན་ལུང་།  གནམ་ལྕགས་རོལ་ཚོགས་པ་སོགས་སྒྱུ་རྩལ་པ་དང་རོལ་མོ་བ་མང་པོ་ཞིག་དང་མཉམ་འབྲེལ་གྱིས་བླངས་པའི་གཞས་ཡོད་ལ།  ཆེད་སྒྲིག་བརྙན་འཁོར་དེ་ད་ལོའི་ལུགས་གསར་གྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ལ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱ་རྒྱུ་རེད།

 
  རྩོམ་ཡིག་དེ་གཟིགས་གྲུབ་འདུག:(1299
 
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
 
 
གླུ་གཞས་འཚོལ་ཞིབ།
 
 
གཟི་མིག་དགུ་པ་རོལ་ཚོགས། 50251
ཀུན་བཟང་ལྷ་མོ། 13860
ཕན་ཐོགས། 12199
ཆོས་འཕེལ། 10834
བློ་བཟང་། 10510
རྒྱལ་པོ། 1020
བྱམས་པ་ཚེ་རིང་། 6
གནམ་ལྕགས་རོལ་ཚོགས། 5
པ་སངས། 5
མངའ་རིས་བློ་བཟང་། 5
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail