中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > ཚུས་ཡུད་དབྱིང་གིས་ལྷ་སར་ཧྥ་རན་སིའི་གསར་འགོད་པའི་ཚོཌ་པ་དང་མཇལ་འཛོམས་གནང་བ།
ཚུས་ཡུད་དབྱིང་གིས་ལྷ་སར་ཧྥ་རན་སིའི་གསར་འགོད་པའི་ཚོཌ་པ་དང་མཇལ་འཛོམས་གནང་བ།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-7-29 10:39:39
ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུས་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང༌། རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚུལ་ཡུད་དབྱིང་གིས་ལྷ་སར་རང་ལྗོངས་སུ་གཟིགས་སྐོར་དང་བཅའ་འདྲི་གནང་བར་ཕེབས་པའི་ཧྥ་རན་སིའི་གསར་འགོད་པའི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
ཚུལ་ཡུད་དབྱིང་གིས་རང་ལྗོངས་ཀྱི་གཞི་རྩའི་གནས་ཚུལ་དང་།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚུལ་ངོ་སྤྲོད་མདོར་སྡུས་གནང་རྗེས་འཛམ་གླིང་ཐོག་མཚམས་སྦྱོར་ཚན་པ་མང་པོའི་གསར་འགོད་པས་བོད་ལ་དོ་འཁུར་ཆེན་པོ་བྱས་ནས།  བོད་ཀྱི་གནས་ཚུལ་གཏོང་སྤེལ་མང་པོ་བྱས་ཡོད་པའི་ནང་དོན་དངོས་མཐུན་པའི་སྒོ་ནས་གནས་ཚུལ་གཏོང་སྤེལ་བྱས་པ་ཡོད་ལ་དོན་དངོས་དང་མི་མཐུན་པའི་གནས་ཚུལ་གཏོང་སྤེལ་བྱས་པ་ཡང་ཡོད་པས།  ཧྥ་རན་སིའི་གསར་འགོད་པའི་ཚོགས་པས་ད་རེས་བཅར་འདྲི་ཞུ་རིང་གནས་ཚུལ་དངོས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང༌།  བོད་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱས་ནས་ཇི་མ་ཇི་བཞིན་དང་གོང་འཕེལ་འགྲོ་བཞིན་པའི་བོད་ལྗོངས་འདི་ཉིད་ཧྥ་རན་སིའི་མི་དམངས་ལ་ངོ་སྤྲོད་བྱས་ནས།  ཧྥ་རན་སིའི་མི་དམངས་ཀྱིས་ཀྲུང་གོའི་བོད་ལྗོངས་ལ་རྒྱུས་མངའ་དེ་བས་ཆེ་བ་ཡོང་བ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ད་རེས་ཧྥ་རན་སིའི་གསར་འགོད་པའི་ཚོགས་པ་ནི་ཧྥ་རན་སིའི་མཚམས་སྦྱོར་ཚན་པ་གཙོ་བོའི་གསར་འགོད་པ་དང་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ།  མཁས་དབང་སོགས་ལས་གྲུབ་ཡོད་པ་དང་ཁོང་ཚོ་ཚང་མ་བོད་ལ་བཅར་འདྲི་ཞུ་བར་ཡོང་ཐེངས་དང་པོ་ཡིན་པས་ཁོང་ཚོས་བོད་ལ་དོ་འཁུར་ཆེན་པོ་བྱེད་ཀྱི་ཡོད།  མཇལ་འཛོམས་གནང་སྐབས་གསར་འགོད་པས ༣ པའི ༡༤ དོན་རྐྱེན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས།  རིག་གནས་སྲུང་སྐྱོབ་སོགས་ཀྱི་སྐོར་འདྲིས་པ་དང་ཤེས་རྟོགས་བྱས་པ་རེད།།
 
  རྩོམ་ཡིག་འདི་ཐེངས་:(29
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail