中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > ཟི་ཁྲོན་བོད་རིགས་ཁུལ་གྱི་མཐོང་མཐོས།(བཞི་པ)
ཟི་ཁྲོན་བོད་རིགས་ཁུལ་གྱི་མཐོང་མཐོས།(བཞི་པ)
བོད་ལྗོངས་རླུང་འཕྲིན། -- གསར་འགོད་པ་བསྟན་པ་ཡར་འཕེལ།
2010-7-27 12:45:19
ཁག་བཞི་པ། རྟའུ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གིས་དམངས་ལ་ཕན་བདེ་བསྐྲུན།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གིས་ཏང་དང་རྒྱལ་ཁབ་ཀྱིས་བོད་རིགས་ས་ཁུལ་དུ་འཛིན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས།  རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ལས་དོན་རྒྱ་ཆེར་སྤེལ་བས་རྫོང་ཡོངས་ཀྱི་མང་ཚོགས་ལ་ཁེ་ཕན་ཆེན་པོ་ཐོབ་ནས་ཏང་གི་སྲིད་ཇུས་བཟང་པོའི་དྲོ་སྐྱིད་མྱོང་ཐུབ་པ་བྱུང་ཡོད་པ་རེད།  ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་བྱེད་རྒྱུ་ཡང་གཟིགས་སྐྱོང་སྲིད་ཇུས་ཀྱི་གྲས་ཤིག་ཡིན་པས།  སྤྱི་ལོ ༢༠༠༧ ལོར་རྟའུ་རྫོང་དེ་ཉིད་ཐེངས་བཞི་པའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ཚོད་ལྟ་བྱེད་སར་གཏན་འཁེལ་བྱས་པ་ནས་བཟུང༌།  འབྲེལ་ཡོད་གོང་རིམ་སྡེ་ཚན་གྱིས་ཐུགས་འཁུར་དང་རྒྱབ་སྐྱོར་འོག་རྫོང་དེས་མཉམ་ལས་སྨན་བཅོས་ཚོད་ལྟའི་ལས་དོན་ཡག་པོ་སྒྲུབ་ཆེད་གཅིག་ནས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་དོན་འཁྱོལ་དམ་འཛིན་བྱས་པ།  སྲིད་ཇུས་དམིགས་སར་འབྱོར་ཐུབ་པ་བཅས་བྱས་པ་དང༌།  གཉིས་ནས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེར་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱིས་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏོང་བ།  གསུམ་ནས་འཆར་འགོད་ལེགས་བཅོས་བྱས་ནས་ཞིང་འབྲོག་མང་ཚོགས་རྣམས་མཉམ་ལས་སྨན་བཅོས་སུ་ཞུགས་པའི་ཁེ་ཕན་ཐོབ་ཚད་ཆེ་རུ་བཏང་བ།  བཞི་ནས་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཐེབས་རྩ་བེད་སྤྱོད་ཡག་པོ་བཏང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པས་རྟའུ་རྫོང་ཁོངས་ཀྱི་མང་ཚོགས་ཁྲོད་འགོས་ནད་དང༌། ཡུལ་ནད། གཅོང་ནད་སོགས་ཀྱི་རྐྱེན་པས་དབུལ་པོར་འགྱུར་བའི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།
སྤྱི་ལོ ༢༠༠༧ ལོར་མཉམ་ལས་སྨན་བཅོས་ལམ་ལུགས་ལག་བསྟར་བྱས་པ་ནས ༢༠༠༩ ལོའི་བར་མཉམ་ལས་སྨན་བཅོས་ནང་ཞུགས་པའི་མི་གྲངས་དང་ཞུགས་ཚད་ལོ་རེ་བཞིན་མཐོ་རུ་སོང་ཡོད་པ་དང༌།  ལོ་གསུམ་ནང་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༨༣༡.༥༢ གྲབས་གསོག་བྱས་པ་དང༌།  མཉམ་ལས་སྨན་བཅོས་ཐེབས་རྩ་ལས་རིམ་རྩིས་ལྟར་སྒོར་ཁྲི་ཚོ ༦༥༣.༣༦ བཏང་བས་རྫོང་ཡོངས་ཀྱི་མང་ཚོགས་ལ་ཁེ་ཕན་ཐོབ་ཚད་རིམ་རྩིས་ལྟར་ན་བརྒྱ་ཆ ༦༣ ལྷག་ཙམ་ཟིན་ཡོད་པ་རེད།  སྤྱི་ལོ ༢༠༠༩ ལོར་མང་ཚོགས་མཉམ་ལས་སྨན་བཅོས་སུ་ཞུགས་ནས་སྨན་ཁང་དུ་སྡོད་པ་མི་ཐེངས ༣༦༣༦ ཟིན་པ་དང༌།  སྤྱིའི་འགྲོ་གྲོན་སྒོར་ཁྲི་ཚོ ༦༨༢.༢༥ ཟིན་པ།  སྨན་བཅོས་ཁ་གསབ་སྒོར་ཁྲི ༢༩༧.༨ སྤྲད་ཡོད་པ་རེད།
ད་ཆ་རྟའུ་རྫོང་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་རྫོང་འཕྲོད་བསྟེན་ཅུས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས།  འཆར་འགོད་ལེགས་བཅོས་དང་སྒྲིག་གཞི་བཅོས་སྒྲིག  ལམ་ལུགས་སྒྱུར་བཅོས་སོགས་བྱས་ནས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོའི་འོག་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
 
  རྩོམ་ཡིག་འདི་ཐེངས་:(25
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail