ཉེ་དུས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་དང༌། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་སུན་ཀན་གྱིས་ཚོགས་འདུའི་ཐོག་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པས། བོད་སྐྱོར་གྱི་ཕོ་ཉ་ཡག་པོ་ཞིག་བྱེད་དགོས་ལ་མི་དམངས་ཀྱི་སྤྱི་ཞབས་པ་ཡག་པོ་ཞིག་ཀྱང་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་ནས། བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཐོག་འགན་སེམས་ཆེན་པོ་དང་བྱ་གཞག་སྒྲུབ་སེམས་ཆེན་པོ། ལས་ཀའི་སྤྱོད་ཚུལ་ལེགས་པོ། གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང༌། ཏང་འཛུགས་སྐྱོང་ཐད་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པའི་འཐུས་མིས་རང་ཉིད་ཀྱིས་བོད་སྐྱོར་ལས་ཀའི་དོན་དངོས་གཞིར་བཟུང་ཀྲུང་དབྱང་ལས་ཁུངས་ཀྱིས་གང་འདྲ་བྱས་ཏེ། བོད་སྐྱོར་ལས་དོན་སྤེལ་རྒྱུ་དང་ཏང་འཛུགས་སྐྱོང་ཐད་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་སྤེལ་རེས་གཏམ་བཤད་གནང་བ་རེད།།