ལོ་སྟོད་དུ་རང་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་འཕར་སྣོན་འགན་སྲུང་དང༌། ནང་མཁོ་རྒྱ་ཆེ། གྲུབ་ཆ་ལེགས་སྒྲིག དམངས་ཀྱི་འཚོ་བ་ལེགས་བཅོས་བཅས་ཀྱི་ཀྲུང་དབྱང་གི་སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་སྲིད་ཇུས་མུ་མཐུད་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། བོད་ལ་སྤྲད་པའི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་ལག་བསྟར་ཏན་ཏིག་བྱེད་པ་དང༌དངུལ་བུན་གཏོང་བའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། དངུལ་རྩའི་ཞབས་ཞུ་ལེགས་སྒྲིག་བྱེད་པ། ཉེན་ཁུར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དངུལ་ཁང་ལས་རིགས་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པ་བྱས་པ་རེད།
སྤྱི་ཟླ་དྲུག་པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ལྷག་འཕྲོ་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཙམ་ཟིན་པའི་ནང་ཁེ་ལས་དང་བྱ་གཞག་ཚན་པའི་དུས་ངེས་མེད་ཀྱི་བཅོལ་དངུལ་ལོ་སྟོད་ལས་སྒོར་དུང་ཕྱུར ༣༠ ལྷག་ཙམ་འཕར་ཡོད་པ་དང༌། ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ལྷག་འཕྲོ་སྒོར་དུང་ཕྱུར ༢༧༠ ཙམ་ཟིན་ཡོད་པ་རེད།
ལོ་སྟོད་དུ་རང་ལྗོངས་ཀྱི་རྒྱུ་ནོར་གྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཁེ་སྤོགས་ནུས་པ་ཆུང་དུ་ཕྱིན་ཡོད་པ་རེད། སྤྱི་ཟླ ༦ པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་རྒྱུ་ནོར་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཙམ་ཟིན་པ་དང༌། ལྗོངས་ཡོངས་ཀྱི་་དངུལ་རྩའི་ལས་ཁུངས་ཀྱི་ཁེ་སྤོགས་དུས་མཚུངས་པ་ལས་སྒོར་དུང་ཕྱུར་གསུམ་ལྷག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད།
གཞན་ཡང་གནས་ཚུལ་སྤེལ་གསལ་ལྟར་ན། བསྡུ་མི་ཐུབ་པའི་དངུལ་བུན་གང་ཙམ་གྱི་མང་དུ་འགྲོ་གི་ཡོད་པ་དང་བསྡུར་ཚད་ཅུང་དམའ་རུ་ཕྱིན་ཡོད་པ་རེད། སྤྱི་ཟླ ༦ པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་བསྡུ་མི་ཐུབ་པའི་དངུལ་བུན་སྒོར་དུང་ཕྱུར ༧ ལྷག་ཙམ་ཟིན་པ་དང་བསྡུ་མི་ཐུབ་པའི་དངུལ་བུན་བརྒྱ་ཆ ༢.༩༨ ཟིན་པ་དེ་ལོ་སྟོད་དང་བསྡུར་ན་བརྒྱ་ཆའི་གྲངས ༠.༡༠ ཆག་ཡོད་པ་རེད།།