中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > ལྗོངས་ཡོངས་ཀྱི་སྐབས་བཅུ་པའི་ལུས་རྩལ་འགྲན་ཚོཌ་ཀྱི་ལྗོངས་ཐད་གཏོཌ་ལས་ཁུངས་ཀྱི་འཐུས་མི་ཚོཌ་པས་འགྲན་བསྡུར་མ་བྱས་གོང་གི་སྦྱོང་བརྡར་བྱེད་བཞིན་ཡོད།
ལྗོངས་ཡོངས་ཀྱི་སྐབས་བཅུ་པའི་ལུས་རྩལ་འགྲན་ཚོཌ་ཀྱི་ལྗོངས་ཐད་གཏོཌ་ལས་ཁུངས་ཀྱི་འཐུས་མི་ཚོཌ་པས་འགྲན་བསྡུར་མ་བྱས་གོང་གི་སྦྱོང་བརྡར་བྱེད་བཞིན་ཡོད།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-7-28 9:14:19
ཉིན་ཤས་གོང༌། ལྗོངས་ཡོངས་ཀྱི་སྐབས་བཅུ་པའི་ལུས་རྩལ་འགྲན་ཚོགས་ཀྱི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་ཚོགས་པའི་ལུས་རྩལ་པས་འགྲན་བསྡུར་གྱི་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
བུད་མེད་ཀྱི་ལན་ཆིའུ་སྤོ་ལོ་དང་ཕིང་ཕང་སྤོ་ལོ།  མཆོང་རྒྱུགས་འཕེན་གསུམ་དང༌།  སྐྱེ་པའི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་བྱེད་གནས་བཅས་ནས་གསར་འགོད་པས་ལུས་རྩལ་པ་ཚོས་ཆ་རྐྱེན་ཞན་པའི་ར་བའི་ཐོག་རྔུལ་ཆུ་ཁྲུམ་ཁྲུམ་དུ་འབབ་པའི་ངང་སྦྱོང་བརྡར་བྱེད་བཞིན་ཡོད་པ་མཐོང་བ་དང༌།  ཁོང་ཚོས་བསམ་པའི་རྣམ་འགྱུར་ཡག་ཤོས་དང་དཔའ་ངར་ཆེར་སྐྱེས།  སེམས་ཤུགས་ཆེ་ཤོས།  འགྲན་བསྡུར་གྱི་ཆུ་ཚད་མཐོ་ཤོས་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་སྐབས་བཅུ་པའི་ལུས་རྩལ་འགྲན་བསྡུར་ལ་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཡས་ཤུན་ཀོའོ་ཡིས་གསར་འགོད་པར།  ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་ཚོགས་པའི་ལུས་རྩལ་པ་ཡོངས་ཀྱིས་རྩལ་སློབ་དགེ་རྒན་གྱི་ཞིབ་ཕྲའི་མཛུབ་འཁྲིད་འོག་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་སྦྱོང་བརྡར་བྱས་ཏེ།  ལུས་ཤུགས་སླར་གསོ་ཐུབ་པ་བྱས་ནས་འགྲན་བསྡུར་གྱི་ཆུ་ཚད་མཐོ་རུ་འགྲོ་བཞིན་ཡོད་པས་འཐུས་མི་ཚོགས་པ་ཁག་གི་ལུས་རྩལ་པའི་དབར་འགྲན་བསྡུར་བྱེད་སར་རྩལ་ནུས་ཡག་ཤོས་འདོན་རེས་བྱས་ཏེ།  ལྗོངས་ཡོངས་ཀྱི་སྐབས་བཅུ་པའི་ལུས་རྩལ་འགྲན་ཚོགས་བདེ་བླགས་ངང་ལེགས་སྒྲུབ་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད་ཅེས་གསུངས་པ་རེད།།
 
  རྩོམ་ཡིག་འདི་ཐེངས་:(28
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail