སྤྱི་ཚེས ༧ ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རིག་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་བསྡུས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་དབྱི་ཇུང་གིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང༌། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུད་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུའི་ཐད་བླངས་བྱ་གཏོན་གནང་བ་རེད།
ཚང་མས་སློབ་སྦྱོང་ཐོག་གཏམ་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ནང་དེང་སྐབས་དང་སླད་ཕྱིན་དུས་འཚམས་ཤིག་རིང་གི་བོད་ཀྱི་ལས་དོན་ཐད་རེ་བ་ཆེན་པོ་དང་བླང་བྱ་མཐོ་པོ་བཏོན་གནང་བ་དང་། བོད་ཀྱི་སླད་ཕྱིན་གྱི་གོང་འཕེལ་ཐད་ཁ་ཕྱོགས་གསལ་པོ་བཏོན་གནང་ཡོད་པས་ང་ཚོའི་ལས་ཀའི་བསམ་ཕྱོགས་དང་ཁ་ཕྱོགས་དེ་བས་བསལ་པོ་བྱུང་ཡོད། དེ་ནི་ང་ཚོའི་དེང་སྐབས་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་ཀའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད་ལ་ང་ཚོས་སླད་ཕྱིན་ལས་དོན་ཡག་པོ་སྒྲུབ་པའི་འགུལ་ཤུགས་ཀྱི་འབྱུང་རྩ་དང་ཆོད་སེམས་ཀྱི་འབྱུང་རྩ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
ཚང་མས་སླད་ཕྱིན་གྱི་ལས་ཀའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གྱིས་སློབ་སྟོན་བྱས་ནས་བོད་ལྗོངས་འདི་ཉིད་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་། ཡུན་རིང་བདེ་འཁོད་ཡོང་རྒྱུར་ཀྲུང་དབྱང་གིས་རྒྱབ་སྐྱོར་ཆེན་པོ་གནང་བའི་གལ་ཆེའི་ལོ་རྒྱུས་ཀྱི་གོ་སྐབས་དམ་བཟུང་བྱས་ཐོག་ཀྲུང་གོའི་ཁྱད་ཆོས་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་དང༌། གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་དམ་འཛིན་བྱས་ཏེ་མིག་རྒྱང་དེ་བས་རིང་བ་དང་བློ་སྟོབས་དེ་བས་འཕེལ་བ། ལས་ཀ་དེ་བས་ཏན་ཏིག་བཅས་བྱས་ནས་བོད་ལྗོངས་འདི་ཉིད་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
ཚང་མའི་གཏམ་བཤད་གསན་རྗེས་ཀྲང་ཡི་འཇུང་གིས་གང་འདྲ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད།།