རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཤིན་ཁྲུན་དབྱིང་གིས་སྣེ་ཁྲིད་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཞིབ་འཇུག་ཚོགས་ཆུང་བཅས་པ་དང་མཇལ་འཛོམས་གནང་བ་རེད།
གཞན་ཡང་གནས་ཚུལ་སྤེལ་གསལ་སྟར་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་རང་སྐྱོང་ལྗོངས་སྲིད་གཞུང་ཁྲིམས་ལུགས་ལས་དོན་དོན་གཅོད་ཁང༌། དེ་བཞིན་མི་དམངས་སྲིད་གཞུང་དང༌མི་དམངས་ཁྲིམས་ཁང༌། མི་དམངས་ཞིབ་དཔྱོད་ཁང་བཅས་དང་ལྷན་དུ་ལྷ་སར་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་གི་ཞིབ་དཔྱད་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
ཤིན་ཁྲུན་དབྱིང་གིས་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་གི་ཞིབ་དཔྱད་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། རང་ལྗོངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་གི་ཞིབ་དཔྱད་ལས་དོན་ཡག་པོ་སྤེལ་རྒྱུའི་ཐད་གྲོས་འགོ་བཏོན་ཡོད་པ་རེད།།