中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > པད་མ་འཕྲིན་ལས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་དང་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ།
པད་མ་འཕྲིན་ལས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་དང་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-3-14 10:37:33

ཉེ་དུས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་བཅར་འདྲི་དང་ལེན་གནང་སྐབས།  སྤྱི་ལོ ༢༠༠༩ ལོ་ནི་རང་ལྗོངས་ཀྱིས་དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་བའི་ཐད་གཏོང་འཇོག་བྱེད་ཚད་མང་ཤོས་དང༌།  མི་དམངས་མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་ཀྱི་ལོ་ཞིག་རེད།  ལོ་གཅིག་སྔ་བསྣུར་གྱིས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞིའི་འཆར་འགོད་ལས་འགན་ལེགས་སྒྲུབ་བྱུང་བ་དང༌།  ལོ་གཅིག་སྔ་སྣུར་གྱིས་སྲིད་འཛིན་གྲོང་ཚོ་བརྒྱ་ཆ ༨༠ ལ་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་སྒྲུབ་ཡོད་པ་རེད།  ཡུན་རིང་མ་སོང་གོང་སྐོང་ཚོགས་བྱས་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་སླར་ཡང་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་འཇོག་དགོས་ཞེས་བཏོན་ཡོད་པས།  ད་ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་ལྗོངས་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ཚོས་མྱོང་ཚོར་ཐུབ་པ་དང༌།  མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་དང་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
པད་མ་འཕྲིན་ལས་གྱིས་གསར་འགོད་པར།  རང་ལྗོངས་ཀྱིས་ལོ་གཅིག་སྔ་བསྣུར་དུ་བདེ་སྡོད་ལས་གཞིའི་འཆར་འགོད་ལས་འགན་ལེགས་སྒྲུབ་བྱས་པའི་རྨང་གཞི་ཐོག་ད་དུང་ལོ་གཅིག་འབད་བརྩོན་བྱས་པ་བརྒྱུད།  སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་གནད་དོན་ད་ལོ་ཐག་གཅོད་བྱ་རྒྱུ་ཡིན།  དེ་དང་དུས་མཚུངས་སྔར་ལས་ལྷག་པའི་སྒོ་ནས་གཏོང་འཇོག་བྱེད་ཚད་ཤུགས་ཆེར་བཏང་ནས་སྤྱི་ཚོགས་བྱ་གཞག་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང༌།  གཞི་རྩའི་སྤྱི་པའི་ཞབས་ཞུ་བཏང་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ།  གཞི་རྩ་གཉིས་ཀྱི་གྲུབ་འབྲས་སྲ་བརྟན་བཏང་ནས་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།  ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཡར་སྐུལ་བྱ་སྤྱོད་ཤུགས་ཆེ་སྤེལ་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ཐོག  རྫོང་རིམ་པའི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ།  རྫོང་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་རྫོང་གི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི།  ཤང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས།  ཞིང་པའི་དཔེ་དེབ་ཁང་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་རིག་གནས་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་ཏན་ཏིག་གཏོང་རྒྱུ།  གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ཚོད་ལྟའི་ལས་འགན་བརྒྱ་ཆ་ཉི་ཤུ་ལེགས་སྒྲུབ་བྱས་ཏེ་སྤྱི་ལོ ༢༠༡༢ ལོར་གཞི་རྩའི་ཆ་ནས་ཚང་མར་ཁྱབ་པ་བྱ་རྒྱུ་བཅས་རེད་ཅེས་གསུངས་པ་རེད།
པད་མ་འཕྲིན་ལས་ཀྱིས་ད་ལོ་ནི་ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་ཁྱོན་ཡོངས་ནས་ལེགས་གྲུབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས་དམིགས་ཚད་ཁག་སྒྲུབ་པར་ལས་འགན་དཀའ་ཚེགས་ཆེ་བ་དང་དོན་སྙིང་ཆེན་པོ་ལྡན་ཡོད།  ང་ཚོས་ནུས་ཤུགས་ཡོད་རྒུས་ལས་འགན་གཙོ་བོ་ཁག་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་མ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་མ་འཇོག་དང་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུས་གཙོ་གནད་བྱེད་པའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་མ་གཏོང་བ།  ནུས་ཤུགས་ཡོད་རྒུས་དམངས་ཀྱི་འཚོ་བ་ལེགས་བཅོས་བྱ་རྒྱུས་གཙོ་གནད་བྱེད་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ།  ནུས་ཤུགས་ཡོད་རྒུས་སྒྲིག་གཞི་དང་ཟུངས་ནུས་འཐུས་སྒོ་ཚང་དུ་གཏོང་རྒྱུས་གཙོ་གནད་བྱེད་པའི་བསྒྱུར་བཅོས་སྒོ་དབྱེར་སྐུལ་མ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུས་གཙོ་གནད་བྱེད་པའི་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང༌།  དུས་བདེའི་བོད་ལྗོངས།  ཞི་མཐུན་བོད་ལྗོངས།  སྐྱེ་ཁམས་བོད་ལྗོངས་བཅས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཀྱི་རེད་ཅེས་གསུངས་པ་རེད།།

 
  རྩོམ་ཡིག་འདི་ཐེངས་:(32
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail