中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > ཟི་ཁྲོན་བོད་རིགས་ཁུལ་གྱི་མཐོང་མཐོས།(ལྔ་པ)
ཟི་ཁྲོན་བོད་རིགས་ཁུལ་གྱི་མཐོང་མཐོས།(ལྔ་པ)
-- གསར་འགོད་པ་བསྟན་པ་ཡར་འཕེལ།
2010-7-28 12:00:57
ཁག་ལྔ་པ། འབར་ཁམས་རྫོང་གིས་འབྲོག་པའི་གཏན་སྡོད་ཁུལ་འཛུགས་སྐྲུན་བྱས་ཚུལ།
སྤྱི་ལོ ༢༠༠༩ ལོར་སི་ཁྲོན་ཞིང་ཆེན་ཏང་ཨུད་དང་སྲིད་གཞུང་གིས་འབྲོག་དམངས་གཏན་སྡོད་ཁུལ་ལག་བསྟར་འཆར་གཞི་གཏན་འབེབས་བཟོས་རྗེས།  རྔ་བ་ཁུལ་འབར་ཁམས་རྫོང་གིས་སྔ་རྗེས་སུ་འབྲོག་དམངས་ཀྱི་གཏན་སྡོད་ཁུལ་ལག་བསྟར་འཆར་འགོད་དང༌།  འབྲོག་དམངས་གཏན་སྡོད་ཁུལ་འཆར་གཞིའི་རྣམ་གྲངས་ལག་བསྟར་འཆར་འགོད།  སྦྲ་གུར་གྱི་འཚོ་བ་གསར་པའི་ལག་བསྟར་འཆར་འགོད།  གཏན་སྡོད་ཁུལ་འཛུགས་སྐྲུན་འཆར་འགོད་སོགས་ཆེད་དོན་ལག་བསྟར་འཆར་འགོད་ཁག ༡༡ བཏོན་ཡོད།  སྤྱི་ལོ ༢༠༠༩ ལོའི་ཟླ་བ་དགུ་པ་ནས་འགོ་བཙུགས་ཏེ་ཤང་དང་གྲོང་བརྡལ་བདུན་གྱི་འབྲོག་པའི་གཏན་སྡོད་ཁུལ་ཁག་བདུན་གྱི་ཁྱིམ་དུད ༣༣༤ ཡི་སྡོད་ཁང་འཛུགས་སྐྲུན་ལག་བསྟར་བྱས་པ་ལོ་དེར་ཡོངས་སུ་ལེགས་གྲུབ་བྱུང་ནས།  མི་གྲངས ༡༥༨༨ སྦྲ་གུར་ནས་སྡོད་ཁང་རྒྱ་ཆེ་ཞིང་དཀར་ཆ་དོད་པ་དང༌།  ཁོར་ཡུག་གཙང་ཞིང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ཡོད་པ་མ་ཟད།  གནས་སྤོ་བྱས་པའི་མང་ཚོགས་ཚོས་དེ་སྔོན་འཐུང་ཆུ་དཀོན་པ་དང༌།  འགྲོ་བསྐྱོད་དཀའ་བ།  སློབ་ཞུགས་དཀའ་བ།   སྨན་དང་སྨན་པ་བསྟེན་དཀའ་བ།  གློག་མེད་པ།  ཆ་འཕྲིན་ཉན་འཇོག་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ནས་ལོ་རྒྱུས་ཐོག་འཕྲད་པར་དཀའ་བའི་རྨི་ལམ་མངོན་འགྱུར་བྱུང་ཡོད་པ་རེད།
ཁང་གསང་ཤང་འབྲོག་ལས་གྲོང་ཚོ་ནི་འབར་ཁམས་རྫོང་གིས་སྤྱི་ལོ ༢༠༠༩ ལོར་གྲོང་ཚོ་བདུན་ལ་སྡོད་ཁང་གསར་རྒྱག་བྱས་པའི་གྲས་ཤིག་ཡིན་ཞིང༌། གྲོང་ཚོ་དེ་ཡོངས་ལ་ཁྱིམ་དུད ༥༥ དང་མི་གྲངས ༢༦༧ ཡོད་པ་དང༌།  གྲོང་ཚོ་དེས་འབྲོག་ལས་ཁོ་ན་གཉེར་སྐྱོང་བྱེད་ཀྱི་ཡོད།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ ༣༢༠༠ ཟིན་པ་དང༌།  འབར་ཁམས་རྫོང་གྲོང་བརྡལ་ནས་སྤྱི་ལེ ༡༢༧ ཙམ་ཡོད་པ་རེད།  གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༠༩ ལོའི་ཟླ ༩ པར་འབར་ཁམས་རྗོང་གིས་འབྲོག་པའི་གཏན་སྡོད་ཁུལ་དེ་འཛུགས་སྐྲུན་གྱི་ལས་འགོ་བརྩམས་ནས་དུས་ཐུང་ཟླ་བ་ལྔ་ཡི་ནང་འཛུགས་སྐྲུན་ཡོངས་སུ་ལེགས་གྲུབ་བྱུང་ནས་ད་ལྟ་གྲོང་ཚོ་གསར་པ་དེར་རང་བྱུང་གྲོང་ཚོ་གཉིས་ཀྱི་མང་ཚོགས་ཁུལ་དེར་འདུས་སྡོད་བྱས་ཡོད་པ་དང༌།  གྲོང་ཚོ་འཛུགས་སྐྲུན་བྱེད་སྐབས་སྲིད་གཞུང་ནས་ཁྱིམ་དུད་རེར་སྒོར་ཁྲི་གཉིས་དང་ལྔ་སྟོང་རེ་སྡོད་ཁང་གསར་རྒྱག་གི་ཁ་གསབ་རོགས་དངུལ་དུ་སྤྲད་པ་དང༌།  ཁྱིམ་དུད་མི་རེ་ངོ་རེར་ཉི་འོད་ནུས་པའི་ཆུ་ཚ་མོའི་ཡོ་ཆས་དང༌།  རླུང་འཕྲིན་དང་བརྙན་འཕྲིན་ལྟ་ཉན་བྱེད་པའི་ཡོ་ཆས་སོགས་རིན་ཐང་མེད་པར་སྒྲིག་སྦྱོར་བྱས་ཡོད་ལ།  གྲོང་ཚོར་བྱེད་སྒོའི་ལྟེ་གནས་ཡངས་ཤིང་རྒྱ་ཆེ་བ་ཞིག་བསྐྲུན་ཡོད་པ་དང༌།  གྲོང་ཚོའི་བར་གསེང་དུ་གསང་སྤྱོད་གཅིག་དང་གད་སྙིགས་བླུགས་སའི་ཁུལ་གཅིག  ལུས་རྩལ་ཡོ་ཆས་ཀྱི་རྣམ་གྲངས་སོགས་སྒྲིག་བཟོ་བྱས་ཡོད་པ་རེད། 
གཞན་ཡང་འབར་ཁམས་རྫོང་གིས་ད་བར་གཏན་སྡོད་ཁུལ་ཁག་བདུན་འཛུགས་སྐྲུན་བྱེད་པར་ཁྱོན་མ་དངུལ་སྒོར་ཁྲི ༡༢༠༧ .༡ བཏང་ཡོད་པ་དང༌།  ད་ལོ་འབྲོག་པའི་གཏན་སྡོད་ཁུལ་ཁག ༣༠ ལེགས་གྲུབ་བྱ་རྒྱུ་ཡིན་ཞིང༌།  ད་ལྟ་གཏན་སྡོད་ཁུལ་འཛུགས་སྐྲུན་གྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།
 
  རྩོམ་ཡིག་འདི་ཐེངས་:(18
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail