中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > རང་ལྗོངས་ཀྱི་དྲིལ་བསྒྲཌ་བསམ་བློའི་རིག་གནས་ཁོངས་གཏོཌ་ཀྱི་བུད་མེད་འཐུས་མི་མཉམ་འཛོམས་བྱས་ཏེ་སུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
རང་ལྗོངས་ཀྱི་དྲིལ་བསྒྲཌ་བསམ་བློའི་རིག་གནས་ཁོངས་གཏོཌ་ཀྱི་བུད་མེད་འཐུས་མི་མཉམ་འཛོམས་བྱས་ཏེ་སུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-3-9 13:50:02
སྤྱི་ཚེས ༨ ཉིན་གྱི་སྔ་དྲོ།  རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་འཐུས་མི་མཉམ་འཛོམས་བྱས་ཏེ།  བཞུགས་མོལ་ཚོགས་འདུའི་རྣམ་པའི་ཐོག་ནས་སུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་བྱུང་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན།  དྲིལ་བསྒྲགས་པུའི་པུའུ་ཀྲང་ཚུལ་གཡུས་དབྱིང་ཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད།  ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་་ཁོངས་གཏོགས་ཀྱི་བུད་མེད་བློ་མཐུན་ཚོས་བུད་མེད་ཀྱི་རང་བཀུར་དང་རང་སྟོབས།  རང་ཚུགས་བཅས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ།  མིག་རྒྱངས་སྔར་བས་རིང་བ་དང་སྔར་བས་དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་དང་སྔར་བས་དཔའ་ངར་ཆེ་སྐྱེས་ཀྱི་རྣམ་པའི་ཐོག་ནས།  གོ་སྐབས་དམ་འཛིན་དང༌འགན་འཁྲི་ལྗིད་པོ་འཁུར་ཕོད་པ།  དཀའ་སྤྱད་ཡར་བརྩོན་བཅས་ཀྱི་སྒོ་ནས།  རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་སྐུལ་ལྕག་བཏང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཇིན་ཐའོ་ཡིས་སུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་བྱུང་ནས་ལོ་བརྒྱ་འཁོར་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང༌།  ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཕུལ་བྱུང་བུད་མེད་ཀྱི་འཐུས་མི་བདུན་གྱིས་གཏམ་བཤད་སྤེལ་བ་རེད།
ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང༌བོད་ལྗོངས་ཉིན་རེའི་ཚགས་པར་ཁང༌།  ལྗོངས་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།  ལྗོངས་རིག་གནས་ཐིང༌།  ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུད།  ལྗོངས་གསར་འགྱུར་པར་བསྐྲུན་ཅུད།  ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་སོགས་ཀྱི་བུད་མེད་འཐུས་མི་དྲུག་ཅུ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།།
 
  རྩོམ་ཡིག་འདི་ཐེངས་:(43
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail