中文  |   ENGLISH
 
 
 
དེ་རིང་དོ་སྣང་།: སྲིད་གཞུང་དང་ལས་རིགས་སྤྱོད་ཚུལ་སྐོར་གྱི་བོད་སྐད་ཐད་སྦྲེལ་ཁ་པར་ལེ་ཚན་སྤྱི་ཟླ༨པའི་ཚེས༡༠ཉིན་འགོ་བཙུགས་རྒྱུ་ཡིན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > ཀྲང་ཆིང་ལི་ཡིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་བོད་སྐྱོད་རྟོགས་ཞིབ་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ།
ཀྲང་ཆིང་ལི་ཡིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་བོད་སྐྱོད་རྟོགས་ཞིབ་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-7-26 10:11:58
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་ཡིས་ལྷ་སར་རྒྱལ་ཁབ་ལུས་རྩལ་ཅུས་ཏང་ཙུའུ་ཡི་ཁོངས་མི།  ཅུས་ཀྲང་གཞོན་པ་ཡང་ཧུའུ་ཨན་གྱིས་སྣེ་འཁྲིད་གནང་བའི་བོད་སྐྱོད་རྟོགས་ཞིབ་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེ་མོ་མགོན་པོ་བཀྲིས་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
ཀྲང་ཆིང་ལིའི་ཡིས་བོད་ཞི་བས་བཅིངས་བཀྲོལ་བཏང་བའི་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ལུས་རྩལ་བྱ་གཞག་ཚུད་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་གོང་འཕེལ་དང་ཡར་རྒྱས་བྱུང་ཡོད་ལ།  ཉེ་བའི་ལོའི་རིང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་སེམས་འཁུར་རྒྱབ་སྐྱོར་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་མགྱོགས་མྱུར་དང་སྐྱོན་བྲལ་ངང་གོང་འཕེལ་ཕྱིན་ཡོད་པ་རེད།  ད་ཐེངས་ཅུས་ཀྲང་གཞོན་པ་ཡང་ཧྲུའུ་ཨན་ཆེད་མངགས་བོད་སྐྱོར་ལས་བྱེད་པར་གཟིགས་པ་དང༌།  རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་གོང་འཕེལ་དང་ལུས་རྩལ་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པ་དེའི་ཐོག་ནས་རྒྱལ་ཁབ་ལུས་རྩལ་ཅུས་ཀྱིས།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་གནང་ལུགས་དང་ང་ཚོར་སེམས་འཁུར་དང་རྒྱབ་སྐྱོར་གནང་ལུགས་མཚོན་གྱི་ཡོད་པས་ང་ཚོར་སྐུལ་ལྕག་ཚད་མེད་ཐེབས་བྱུང་ལ་ང་ཚོས་བོད་ཀྱི་ལུས་རྩལ་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་ལེགས་སུ་གཏོང་རྒྱུ་དང་།  སྐས་རིམ་གསར་པའི་ཐོག་སླེབས་པ་བྱ་རྒྱུར་རོགས་རམ་ཡོང་ངེས་རེད་ཅེས་མཛུབ་སྟོན་གནང་བ་རེད།
ཡང་ཧྲུའུ་ཨན་གྱིས་མཇལ་འཛོམ་གནང་སྐབས་སླད་ཕྱིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།  བོད་ཀྱི་གོང་འཕེལ་དང་བརྟན་་ལྷིང་གྱི་བྱ་གཞག་ཁག་ལ་མུ་མཐུད་སེམས་འཁུར་དང་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད།  ལྷག་པར་དུ་ལུས་རྩལ་བྱ་གཞག་གོང་འཕེལ་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།
 
  རྩོམ་ཡིག་འདི་ཐེངས་:(60
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail