中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > དེང་སྐབས་རང་ལྗོངས་ཀྱི་ལས་དོན་གཙོ་བོའི་གྲས་ནི་ཐན་སྐྱོན་འགོག་བསེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས་པ་དེ་ཡིན།
དེང་སྐབས་རང་ལྗོངས་ཀྱི་ལས་དོན་གཙོ་བོའི་གྲས་ནི་ཐན་སྐྱོན་འགོག་བསེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས་པ་དེ་ཡིན།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-3-15 12:02:59

ན་ནིང་དགུན་ཁ་དང་ད་ལོའི་དཔྱིད་ཀའི་ཚུན་དུ་རང་ལྗོངས་ཀྱི་ས་ཁུལ་མང་ཆེ་བར་གནམ་གཤིས་དྲོ་བ་དང༌ཆར་ཆུ་ཉུང་བ།  རླུང་དམར་ཆེ་བ་བཅས་ཀྱི་སྣང་ཚུལ་ཐོན་ཡོད་པ་རེད།  རྒྱལ་ཁབ་གནམ་གཤིས་ལྟེ་གནས་ནས་སྤྱི་ཚེས ༡༠ ཉིན་སྤེལ་བའི་རྒྱལ་ཡོངས་ཀྱི་ཐན་སྐྱོན་དང་ཞོད་སྐྱོན་ཁྱབ་ཚུལ་སྐོར་གྱི་པར་རིས་གསར་ཤོས་ལ་གཞིགས་ན།  དེང་སྐབས་རང་ལྗོངས་ཀྱི་ནག་ཆུ་དང་གཞིས་རྩེ།  ལྷ་ས།  ལྷོ་ཁ་སོགས་ས་ཁུལ་དུ་ཚད་གཞི་མི་འདྲ་བའི་ཐན་པ་བསྟན་བཞིན་ཡོད་པའི་ནང་ནས་གཞིས་རྩེ་དང་ལྷ་ས།  ལྷོ་ཁ་བཅས་ཡར་ཀླུང་གཙང་པོ་རྒྱུགས་ཁུལ་གྱི་ཞིང་ཁུལ་གཙོ་བོར་ཐན་པ་ཆེ་ཙམ་བསྟན་ཡོད་པས་འབྲེལ་ཡོད་ཚན་པས་འབྲོག་ལས་དང་ཞིང་ནང་དོ་དམ་ལ་ཤུགས་སྣོན་བརྒྱབ་ཏེ་ཐན་སྐྱོན་འགོག་བསེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས་ཀྱི་ཡོད་པ་རེད།  དུས་ཡུན་རིང་པོར་ཆར་ཆུ་ཉུང་བ་དང༌དྲོད་ཚད་མཐོ་བ།  ས་མཐོའི་ནུབ་ལྷག་ཆེ་བ་བཅས་ཀྱི་རྐྱེན་པས་ད་ལོ་དཔྱིད་ཀ་རང་ལྗོངས་སུ་ལྷག་པ་ཆེན་པོ་རྒྱབ་ཚད་མངོན་གསལ་དོད་པོས་མང་བ་ཡོད་པ་རེད།  སྤྱི་ཟླ ༢ པའི་ཟླ་དཀྱིལ་དུ་ནག་ཆུ་དང༌གཞིས་རྩེ་སོགས་ས་ཁུལ་དང་ལྷ་ས་ཚུད་པའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ལྷག་པ་ཆེན་པོ་བསྟུད་མར་རྒྱབ་ནས་ལྷག་པ་རྒྱག་ཚད་རིམ་པ ༡༡ ཟིན་པ་དང༌།  སྤྱི་ཟླ ༢ པའི་ཚེས ༡༦ དང་ ༡༧ ཉིན་ལྷ་སར་ལོ་མང་བྱུང་མྱོང་མེད་པའི་ལྷག་པ་ཆེན་པོ་རིམ་པ ༩ རྒྱབ་པ་རེད།  སྤྱི་ཟླ ༣ ནི་རང་ལྗོངས་སུ་ལྷག་པ་ཆེན་པོ་རྒྱག་པའི་ནམ་དུས་ཡིན་པ་དང༌།  ས་ཁུལ་ཁག་ཏུ་ལྷག་པ་ཆེན་པོ་རྒྱག་པ་དང་བྱེ་རླུང་འཚུབ་རྒྱུ་ཡིན་པས་ཕྱི་རོལ་དུ་བཀལ་བའི་ཅ་དངོས་དང༌བརྡ་ཁྱབ་བྱང་བུ་ཆེ་གྲས།  སྟབས་བདེའི་ཁང་པའི་ཐོག  འགྱིག་ཤོག་དྲོད་ཁང་བཅས་ཀྱི་སྒྲིག་བཀོད་བརྟན་དུ་གཏོང་རྒྱུར་ཡིད་གཟབ་བྱེད་དགོས་ཀྱི་ཡོད་པ་རེད།།

 
  རྩོམ་ཡིག་འདི་ཐེངས་:(37
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail