中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > བོད་ལྗོངས་རླུང་འཕྲིན་ནས་སྤེལ་བ།  > ཟི་ཁྲོན་བོད་རིགས་ཁུལ་གྱི་མཐོང་མཐོས།(གསུམ་པ)
ཟི་ཁྲོན་བོད་རིགས་ཁུལ་གྱི་མཐོང་མཐོས།(གསུམ་པ)
བོད་ལྗོངས་རླུང་འཕྲིན། -- གསར་འགོད་པ་བསྟན་པ་ཡར་འཕེལ།
2010-7-26 12:19:50
ཁག་གསུམ་པ། འཛམ་ཐང་བར་མ་ཤང་གིས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་མང་ཚོགས་གནས་སྤོ་བྱས་པ།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་འཇང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་གིས་དམངས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་དམངས་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པའི་ཏང་གིས་མང་ཚོགས་ལ་འཛིན་པའི་རྩ་དོན་གཞིར་བཟུང༌།  མང་ཚོགས་ལ་ཁེ་ཕན་སྒྲུབ་པའི་ལས་དོན་འབོར་ཆེན་བསྒྲུབ་པས་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད།
འཛམ་ཐང་བར་མ་ཤང་ནི་འབྲོག་ལས་གཙོ་བོར་བྱེད་པའི་ས་མ་འབྲོག་ཁུལ་གྱི་ཤང་ཞིག་ཡིན་ཞིང༌།  ཤང་དེ་འཛམ་ཐང་རྫོང་གི་གྲུམ་བུ་ཚེགས་ཆེན་གྱི་ནད་གཞི་འབྱུང་ཁུལ་གཙོ་བོ་ཞིག་ཡིན་པ་དང༌།  སྤྱི་ལོ ༢༠༠༨ ལོ་ནས་འགོ་བཙུགས་ཏེ་གྲུམ་བུ་ཚེགས་ཆེན་གྱི་ནད་གཞི་ཕོག་ཁུལ་འཛམ་ཐང་གྲོང་ཚོ་དང་ཡིད་དགེ་སྨད་མདོ་གྲོང་ཚོ།  ཚ་ཐང་གྲོང་ཚོ་གསུམ་ནས་ཁྱིམ་དུད ༣༢༣ དང་མི་གྲངས ༡༣༨༣ འཐུང་ཆུ་སོགས་གཟུགས་གཞིར་མི་གནོད་པ་དང་ཆ་རྐྱེན་བཟང་བའི་ས་ཆར་གནས་སྤོ་བྱས་པ་ན་ནིང་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན་གནས་སྤོ་བྱས་པའི་ཁང་པ་བརྒྱབ་པར་སྤྱིའི་རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ ༢༩༥༢༠ ཟིན་པ་དང༌།  རྫོང་སྲིད་གཞུང་ནས་ཁྱིམ་དུད་རེར་སྡོད་ཁང་གསར་རྒྱག་བྱེད་སྐབས་མ་དངུལ་སྒོར་ཁྲི་གསུམ་དང་སྟོང་ཕྲག་ལྔ་ཁ་གསབ་སྤྲད་པ་དང༌།  ཁ་གསབ་ཀྱི་མ་དངུལ་སྤྲད་པ་ཁྱོན་སྒོར་ཁྲི་ཚོ ༡༡༣༠.༥ ཟིན་ཡོད་པ་རེད།
འཛམ་ཐང་རྫོང་གིས་གནས་སྤོ་བྱས་པའི་ཁུལ་དུ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་བཟང་དུ་གཏོང་ཆེད།   ཤང་གི་སྲིད་དབང་འཛུགས་སྐྱོང་དང་གྲོང་ཚོའི་འཕྲོན་བསྟེན་ཁང་བསྐྲུན་པ།  སློབ་གྲྭ་རྒྱག་པ།  འབྲུ་རིགས་ཚོང་ཁང་སོགས་གསར་རྒྱག་བྱས་པ་མ་ཟད།  གྲོང་ཚོའི་ལམ་བཟོས་པ་དང་ཆུ་རྫིང་བསྐྲུན་པ།  ཟམ་པ་རྒྱག་པ།  སྤུས་ཚད་ལེགས་པའི་འཐུང་ཆུ་འདྲེན་པ་སོགས་རིགས་འདྲ་མིན་གྱི་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི ༦༠༠༠ ལྷག་ཙམ་བཏང་ཡོད་པ་རེད།
གསར་འགོད་པས་གནས་སྤོས་གཞིས་ཆགས་ཁུལ་ནས་མཐོང་ཐོས་བྱུང་བར་གཞིགས་ན་གྲོང་ཚོ་གསུམ་ནས་གནས་སྤོ་བྱས་པའི་གཞིས་ཆགས་གྲོང་གསར་ཁུལ་དེར་འདྲེན་པའི་འཐུང་ཆུ་གཙང་ཞིང་མི་གནོད་པ་དང༌།  གྲོང་ཚོར་གློག་དང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་མ་ཟད།  ཁོར་ཡུག་རྒྱ་ཆེ་ཞིང་གཙང་སྦྲ་དོད་པ་དང་སྡོད་ཁང་གི་ཆ་རྐྱེན་ལེགས་པ།  མཁོ་དགོས་ཀྱི་ཅ་ལག་ཉོ་སྒྲུབ་སླ་བ།  བུ་ཕྲུག་སློབ་གྲྭར་འགྲོ་བར་སྟབས་བདེ་བ།  སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་འཛོམས་པ་མ་ཟད།  གྲོང་ཚོར་གཟུགས་པོ་སྦྱོང་བརྡར་བྱེད་སའི་ཡོ་ཆས་སྒྲིག་བཟོ་བྱས་པ་སོགས་དགོས་ངེས་ཀྱི་ཆ་རྐྱེན་འཛོམས་པོ་ཡོད་པ་རེད།
ད་ཆ་གནས་སྤོ་བྱས་པའི་གྲོང་ཚོའི་མང་ཚོགས་རྣམས་སྤྱི་ཚོགས་རིངལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཁྲོད་དུ་དེང་རབས་ཅན་གྱི་འཚོ་བ་ལོངས་སྤྱོད་བྱེད་བཞིན་མ་འོངས་པའི་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་བསྐྲུན་ཕྱིར་འབད་འབུངས་ལྡབ་བརྒྱ་བྱེད་བཞིན་ཡོད་པ་རེད།།

 
  རྩོམ་ཡིག་འདི་ཐེངས་:(34
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail