ཧྲང་ཧའེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཀྱིས་སྤྱི་ཚེས ༢༧ ཉིན་ཟོའོ་ལོའོ་མན་གླིང་ཚོམ་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཉིན་མོ་བསུས་པ་དང༌། ས་གནས་དེ་གའི་སྒྱུ་རྩལ་མཁས་པས་འཁྲུག་ཆ་དོད་ལ་དབྱངས་རྟ་གསལ་བའི་འཁྲབ་སྟོན་བྱས་ཏེ། ལྷོ་ཞི་བདེ་རྒྱ་མཚོ་ཆེ་མོའི་རྒྱལ་ཁབ་ཀྱི་ཡིད་དབང་འགུག་ཤུགས་མངོན་པ་བྱས་ཡོད་པ་རེད།
ཟོའོ་ལོའོ་མན་གླིང་ཚོམ་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཁང་ཁུལ་ག་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་མཉམ་འབྲེལ་འགྲེམས་སྟོན་ཁང་དུ་གནས་ཡོད་ཅིང༌། སྒོ་འགྲམ་དུ་ཟའོ་ལོའོ་མན་གླིང་ཚོམ་གྱི་མིའི་འཇིམ་སྐུ་ཆེན་པོ་ཞིག་ཡོད་པ་དང༌། འགྲེམས་སྟོན་ཁང་ནང་མི་དང་སྲོག་ཆགས་ཀྱི་འཇིམ་སྐུ་སྒྲིག་ཡོད་པ་རེད། ཤིང་གི་ལྤགས་པས་བཟོས་པའི་པར་རིས་ཐོག་ནས་ཟོའོ་ལོའོ་མན་གླིང་ཚོམ་མི་དམངས་ཀྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་མངོན་པ་བྱས་ཡོད་པ་ཕུད། ད་དུང་ཤིང་བེ་ཏ་ལས་བཟོས་པའི་གྲུ་གཟིངས་དཔེ་དབྱིབས་དང་ཐག་ལས་ཐོན་རྫས་སྣ་ཚོགས་ཡོད་པ་དེ་དག་ལ་ཚ་ཁུལ་གླིང་ཕྲན་གྱི་ཡུལ་སྲོལ་གོམས་འདྲིས་ཀྱིས་ཁེངས་ཡོད་པ་རེད།།