ཉེ་དུས་ལྷ་ས་སློབ་འབྲིང་གི་མཐོ་རིམ་ལོ་རིམ་དང་པོ་དང་གཉིས་པའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཚོས་སློབ་གྲའི་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་འོག་ལྷ་ས་སྐྱེ་ཆུའི་ལྷ་ཞབས་གླིང་ཁའི་གཙང་འགྲམ་དུ་བསྐྱོད་ནས་མ་ཡུམ་གཙང་པོར་སྲུང་སྐྱོབ་བྱེད་པའི་བྱེད་སྒོ་སྤེལ་བ་རེད། ལྷ་ས་སློབ་འབྲིང་གི་དགེ་རྒན་གྲེན་ལགས་ཀྱིས་དེ་ནི་ང་ཚོས་སློབ་གསེང་གི་དུས་ཚོད་ནང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་སྒྲིག་འཛུགས་བྱས་ཏེ་བྱེད་སྒོ་དེ་རིགས་སྤེལ་ཐེངས་གསུམ་པ་ཡིན་པ་དང་། རགས་རྩིས་ལྟར་ན་གད་སྙིགས་ཀྲོན་གསུམ་ཙམ་གཙང་བསེལ་བྱས་ཡོད། ང་ཚོའི་དམིགས་ཡུལ་ནི་མི་དེ་བས་མང་བས་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དང༌སྔོ་ལྗང་ཤེས་དཔལ་གྱི་འདུ་ཤེས། རྒྱུན་མཐུད་གོང་འཕེལ་གྱི་འདུ་ཤེས་བཅས་ཆེ་རུ་གཏོང་རྒྱུ་དང་བྱིས་པ་ཚོའི་འཁོར་ཡུག་སྲུང་སྐྱོང་གི་བསམ་པ་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།།