གསར་འགོད་པས་ཉེ་དུས་སྐོང་འཚོགས་བྱས་པའི་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཞབས་ཞུ་ཚན་པའི་མི་དམངས་ཉེན་རྟོག་པའི་གོ་མིང་སྤོ་བསྒྱུར་གྱི་སྦྱོང་བརྡར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ ༧ པའི་ཚེས ༡ ཉིན་ནས་སྤྱི་ཟླ ༨ པའི་ཚེས ༣༡ ཉིན་བར་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འཛིན་ཞབས་ཞུ་ཚན་པའི་མི་དམངས་ཉེན་རྟོག་པའི་གོ་མིང་རིམ་བཞིན་སྤོ་བསྒྱུར་བྱ་རྒྱུ་དང་གཞི་རིམ་གྱི་མི་དམངས་ཉེན་རྟོག་པའི་གོ་མིང་ཐོབ་ཐང་ལེགས་བཅོས་བྱེད་རྒྱུ་རེད།།