སྦོ་ཚེ་ཝ་ནའི་རྒྱལ་ཁབ་འགྲེམ་ཁང་ཉིན་མོར་འཁྲབ་སྟོན་པས་འཁྲབ་སྟོན་བྱེད་བཞིན་པ།
སྦོ་ཚེ་ཝ་ནའི་རྒྱལ་ཁབ་འགྲེམ་ཁང་ཉིན་མོར་འཁྲབ་སྟོན་པས་འཁྲབ་སྟོན་བྱེད་བཞིན་པ།
ཉེ་དུས་ཧྲང་ཧེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཀྱིས་སྦོ་ཚེ་ཝ་ནའི་རྒྱལ་ཁབ་འགྲེམས་ཁང་ཉིན་མོ་བསུས་པ་རེད། སྦོ་ཚེ་ཝ་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་མོང་ཕ་ཏི་མེ་སླ་ཧྥི་ཡིས་ཤིས་ཚིགས་གསུང་སྐབས་ཧྲང་ཧེ་འཛམ་གླིང་དངོས་རིགས་འགྲེམ་ཚོགས་ཀྱིས་སྦོ་ཚེ་ཝ་ནར་སྣ་མང་ཅན་གྱི་རིག་གནས་ཤུལ་བཞག་དང་ཕུན་སུམ་ཚོགས་པའི་ཚོང་ཟོག དེ་བཞིན་མི་མངོན་པའི་ཚོང་དོན་གོ་སྐབས་བཅས་འཛམ་གླིང་ཡོངས་ལ་མངོན་པར་བྱེད་པའི་གོ་སྐབས་སྤྲད་པར་ཐུགས་བརྗེ་ཆེ་ཞུས་གནང་བ་རེད། སྦོ་ཚེ་ཝ་ནའི་འགྲེམ་སྟོན་ཁང་ཧྲང་ཧེ་འཛམ་གླིང་དངོས་རིགས་འགྲེམ་ཚོགས་ཀྱི་ཨ་ཧྥི་རི་ཁ་མཉམ་འགྲེལ་འགྲེམ་ཁང་ནང་གནས་ཡོད་པ་དང་འགྲེམ་ཁང་དེའི་གཙོ་དོན་ནི་ཞི་བདེའི་ཤུལ་བཞག་ཞེས་དེ་ཡིན་པ་དང་སྦོ་ཚེ་ཝ་ན་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་བརྒྱུད་རིམ་མངོན་པ་བྱས་ཡོད་པ་རེད།།