中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > དོ་སྣང་།  > རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གྲོལ་བ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གྲོལ་བ།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-3-14 23:33:45
སྐབས ༡༡ པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པས་ཚོགས་འདུའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་རྗེས་སྤྱི་ཚེས ༡༤ ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་བ་རེད།
དེ་ནི་མཐུན་སྒྲིལ་དང་དམངས་གཙོ།  དངོས་སྒྲུབ།  ཡར་ཐོན་བཅས་ཀྱི་ཚོགས་ཆེན་ཞིག་རེད།  ཚོགས་འདུ་ཚོགས་རིང༌རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འཐུས་མི་གཞན་དང་ལྷན་དུ་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་ཚད་མཐོའི་འགན་འཁུར་བའི་རྣམ་པའི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་པ་དང༌།  སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་གྲོས་ཞིབ་བྱས་པ་དང་གྲོས་འཆམ་བྱུང་ཏེ་རྒྱ་ཁྱབ་ཐོག་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པར་བྱས་པ་རེད།  སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་མཇུག་སྒྲིལ་ཚོགས་ཆེན་དངོས་སུ་ཚོགས་འགོ་ཚུགས་པ་དང༌།  འཐུས་མི་ཚོས་རྒྱལ་ཡོངས་མི་དམངས་ཀྱི་བསམ་འདུན་འཁྱེར་ཏེ་སྒམ་བརླིང་ལྡན་པའི་ངང་འདེམས་ཤོག་རེ་རེ་བཞིན་འཕངས་པ་དང་གྲོས་ཆོད་ཁག་གི་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད།
ཚོགས་འདུ་གྲོལ་རྗེས་འཐུས་མི་ཚོས་འགན་འཁྲི་སེམས་ལ་བཅངས་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་འགན་སེམས་ཆེན་པོ་དང་དཔའ་ངར་ཞུམ་མེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས།  མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་དཀའ་ངལ་ཁྱད་བསད་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང༌།  ཐོན་ལས་དང་པོ་ཆུ་ཚད་ལ་སླེབས་པ་དང་ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན།  ཐོན་ལས་གསུམ་པ་གོང་འཕེལ་ཆེན་པོ་ཡོང་བ་བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བྱ་གཞག་གི་རྒྱལ་ཁ་གསར་པ་ལེན་ཆེད།  རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།
 
  རྩོམ་ཡིག་འདི་ཐེངས་:(35
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail