ཉེ་དུས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཅིན་ཧྲུའུ་པོའོ་ཡིས་མངའ་རིས་ས་ཁུལ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་མཛུབ་སྟོན་གནང་བ་མ་ཟད་སྔ་རྗེས་སུ་མངའ་རིས་ས་ཁུལ་གྱི་དམག་དཔུང་དང་ས་གནས། ཉེན་རྟོག་དང་ས་གནས་ཀྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བཞུགས་མོལ་གནང་བ་རེད། ཅིན་ཧྲུའུ་པོ་ཡིས་མངའ་རིས་ས་ཁུལ་གྱིས་དམག་དཔུང་དང་ཉེན་རྟོག མང་ཚོགས་བཅས་ཀྱི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་སེམས་ནུས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
ཅིན་ཧྲུའུ་པོ་ཡིས་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ་དང་ད་དུང་མངའ་རིས་ས་ཁུལ་སྒར་རྫོང་དུ་ཕེབས་ཏེ་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་སྡོད་བྱ་སྲུང་བཞིན་ཡོད་པའི་དཔོན་དམག་ལ་འཚམས་འདྲི་གནང་བ་རེད།།