ཧྲང་ཧེ་འཛམ་གླིང་དངོས་རིགས་འགྲེམས་ཚོགས་ཐོག་སྤྱི་ཚེས ༢༦ ཉིན་ཁུ་པའི་རྒྱལ་ཁབ་འགྲེམས་ཁང་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཁུ་པའི་རྒྱལ་ཁབ་འགྲེམས་ཁང་གི་བརྗོད་བྱ་གཅོ་བོ་ནི་མི་ཚང་མའི་གྲོང་ཁྱེར་ཞེས་པ་དེ་ཡིན་པ་དང༌། འགྲེམས་ཁང་ནང་མི་སེར་སྤེལ་བའི་དུས་སྐབས་དང་གསར་བརྗེའི་དུས་སྐབས། དེང་རབས་ཅན་གྱི་དུས་སྐབས་བཅས་དུས་མཚམས་གསུམ་གྱི་བཟོ་སྐྲུན་བཀོད་པའི་ཐོག་ནས་འགྲེམས་ཁང་གི་བརྗོད་བྱ་གཅོ་བོའི་འདུ་ཤེས་གསལ་བཤད་བྱས་ཡོད། གཞན་ཡང༌། ཁུ་པའི་ཐ་མ་ཞོལ་ཅ་དང་ལང་མུ་ཨ་རག་ཀྱང་ཁུ་པའི་འགྲེམས་ཁང་ནང་འགྲེམ་སྟོན་བྱས་ཡོད་པ་རེད།།