ལོ་ལྔ་ཚན་བཅུ་གཅིག་པའི་རིང་ནག་ཆུ་ས་ཁུལ་ལྷ་རི་རྫོང་གིས་སྐྱེས་ཁམས་སྤྱི་ཕན་ནགས་ཚལ་སྲུང་སྐྱོབ་བྱ་རྒྱུས་གཙོ་བོ་བྱེད་པ་དང༌། གཙོ་གནད་ས་ཁོངས་སུ་ནགས་བཟོ་བྱ་རྒྱུ་དམ་འཛིན་བྱས་ཏེ་ཞིང་དོར་ནགས་བཟོ་བྱེད་རྒྱུས་རྨང་གཞི་བྱས་ནས། ནགས་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། དེང་སྐབས་ལྷ་རི་རྫོང་ལ་རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཚལ་མུའུ་དྲུག་ཁྲི་གསུམ་སྟོང་དང་ས་གནས་ཀྱི་སྤྱི་ཕན་ནགས་ཚལ་མུའུ་ས་ཡ་གཅིག་དང་བདུན་འབུམ་ལྷག་ཙམ། ནགས་ཚལ་སྲུང་མཁན་ཆིག་སྟོང་ལྷག་ཙམ་ཡོད་ཅིང༌། ལོ་ལྟར་རྒྱལ་ཁབ་ནས་ཁ་གསབ་རོགས་དངུལ་སྒོར་ས་ཡ་ལྔ་དང་བཞི་འབུམ་དོན་འཁྱོལ་བྱེད་ཀྱི་ཡོད་པ་རེད།།