འདི་ནི་ཞིག་གསོ་བྱེད་བཞིན་པའི་བཀྲ་ཤིས་ལྷུན་པོའི་དགོན་གྱི་པཎ་ཆེན་སྐུ་ཕྲེང་བཞི་བའི་གདུང་རྟེན་མཆོད་ཁང་ཡིན།
ཟླ༧པའི་ཚེས༢༣ཉིན་ཞིག་གསོ་བྱས་ཚར་བའི་བཀྲ་ཤིས་ལྷུན་པོའི་དགོན་གྱི་དགོན་སྡེ་དུ་མའི་ཁྱམས་ར།
ད་ལྟ་ཞིག་གསོ་བྱེད་བཞིན་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་བོད་ལྗོངས་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོའི་དགོན་ཞིག་གསོ་བྱེད་པའི་ལས་ཀ་གེགས་མེད་བདེ་བླག་ཏུ་འགྲུབ་བཞིན་ཡོད་ཅིང་། ཞིག་གསོ་ལས་གཞི་དེར་མ་དངུལ་སྒོར་དུང་ཕྱུར༡.༡༨བཏང་ནས་༢༠༠༨ལོའི་ཟླ ༤ བའི་ཚེས ༡༨ ཉིན་དངོས་སུ་ལས་འགོ་བརྩམས།ཞིག་གསོའི་རྣམ་གྲངས་ཀྱི་ནང་དུ་བྱམས་ཁང་དང་། པཎ་ཆེན་སྐུ་ཕྲེང་བཞི་བའི་སྐུ་གདུང་རྟེན་མཆོད་ཁང་།ཚོགས་ཆེན་འདུ་ཁང་།བཀའ་འགྱུར་ལྷ་ཁང་། རིང་ཚད་ལ་སྨི་༢༦༠༠ལྷག་ཡོད་པའི་དགོན་པའི་ལྕགས་རི་དང་སྒོ་ཆེན་བཅས་འདུས།
ཡུལ་དེའི་ལས་བཟོ་པས་གསེར་ཏོག་ལ་གསེར་ཆུ་བྱུག་བཞིན་པ།