ཉེ་དུས་གསར་འགོད་པས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ནས་ཤེས་རྟོག་བྱས་པར་གཞིགས་ན། ཉིང་ཁྲི་ས་ཁུལ་གྱིས་ཡུན་ནན་ཞིང་ཆེན་སླིད་ཅང་གྲོང་ཁྱེར་དང་ཡུལ་སྐོར་མཉམ་ལས་སྒྲོམ་གཞིའི་རང་བཞིན་གྱི་གྲོས་མཐུན་དངོས་སུ་བཞག་པ་དང་ཐུན་མོང་ཐོག་ཤམ་བྷ་ལ་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་ཇ་རྟའི་གནའ་ལམ་ཁུལ་གཏོད་རྒྱུ་དང༌། དེ་བཞིན་ཕན་ཚུན་དོན་གཅོད་ཁང་འཛུགས་རྒྱུ་དང་ཡུལ་སྐོར་བ་ཕན་ཚུན་གཏོང་འདྲེན་བྱ་རྒྱུ། ཡུལ་སྐོར་ལས་དོན་པ་སྤེལ་རེས་སྦྱོང་བརྡར་བྱ་རྒྱུ་སོགས་ཚུད་པའི་མཉམ་ལས་རྣམ་གྲངས་མང་པོ་བཞག་ཡོད་པ་རེད། དེའི་ཐོག་ནས་ཉིང་ཁྲི་ས་ཁུལ་གྱིས་ཡུལ་སྐོར་ལས་རིགས་མཆོངས་སྐྱོད་ལྟ་བུའི་་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སྐྱེ་ཁམས་གྱི་ས་ཁུལ་ཆེན་མོ་དང༌། རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་བྱེད་གནས་གཏོད་རྒྱུའི་དམིགས་ཚད་ཕྱོགས་སུ་སླར་ཡང་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད་པ་རེད།
ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཁེ་ལས་ཀྱི་འབྲེལ་ཡོད་མི་སྣས་བཤད་པར་གཞིགས་ན། དེ་རེས་ཀྱི་མཉམ་ལས་བརྒྱུད་ཐུན་མོང་ཐོག་ཡུལ་སྐོར་བྱེད་གནས་རྩེ་གྲྭ་གཏོད་པའི་རྨང་གཞིའི་ཐོག་སྔོན་དཔག་བྱས་ན་མ་འོངས་པའི་ལོ་ཤས་ནང༌། ཡུན་ནན་ལི་ཅང་ཁོ་ན་བརྒྱུད་ཉིང་ཁྲིར་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཆ་སྙོམས་ལོ་རེར་མི་ཐེངས་ཁྲི་ཚོ ༡༠༠ ལྷག་ཙམ་ལས་བརྒལ་བཟོ་ཡོད་པ་རེད།།