ཉིང་ཁྲི་ས་ཁུལ་དུ་ཡོད་པའི་ཀླུ་ནང་གྲོང་རྡལ་གྱི་མི་སེར་རྣམས་ཀྱིས་གྲོང་གསེབ་ཀྱི་གློག་བརྙན་ཁང་ནས་གློག་བརྙན་ལ་ལྟ་བ།
ཉིང་ཁྲི་ས་ཁུལ་དུ་ཡོད་པའི་ཀླུ་ནང་གྲོང་རྡལ་གྱི་མི་སེར་རྣམས་ཀྱིས་གློག་བརྙན་གཏོང་བར་སྒུག་ནས་བསྡད་ཡོད་པ།
ཉེ་བའི་ལོ་འགའི་ཚུན་ལ། རྒྱ་ཆེའི་བོད་ལྗོངས་རོང་འབྲོག་ས་ཁུལ་དུ་གྲོང་གསེབ་ཀྱི་གློག་བརྙན་ཁང་ཁྱབ་གདལ་དུ་སོང་ཡོད། བོད་ལྗོངས་ཀྱིས་གློག་བརྙན ༢༡༣༡ ལས་གཞི་ལག་བསྟར་དང་། རླུང་འཕྲིན་བརྙན་འཕྲིན་གྲོང་གསེབ་རེར་ཤར་གཏོང་བྱེད་པའི་ལས་གཞི། དེ་མིན་ཞི་ཞན་ལས་གཞི་སོགས་ལག་བསྟར་བྱས་པར་བརྟེན་ནས་རོང་འབྲོག་མི་སེར་གྱི་གློག་བརྙན་རིག་གནས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ཡོད། དེང་སྐབས་བོད་ལྗོངས་སུ་གློག་བརྙན་ལས་ཁུངས་༥༦༤ཡོད་ཅིང་། དོ་དམ་ལས་ཁུངས་༨༢ཡོད་པ་དང་། རོང་འབྲོག་ཁུལ་གྱི་གློག་བརྙན་སྟོན་པའི་རུ་ཁག་༤༧༨དང་། གློག་བརྙན་སྟོན་ས༧༦༩བཅས་ཡོད་པ་རེད། གློག་བརྙན་སྟོན་པའི་ས་ཁུལ་ཏེ་བརྒྱ་ཆའི་༩༨ཀྱི་སྲིད་འཛིན་གྲོང་ཚོར་གློག་བརྙན་ཁྱབ་གདལ་དུ་བཏང་པས། ལྗོངས་ཡོངས་ཀྱི་རོང་འབྲོག་མི་སེར་གྱིས་ཟླ་རེར་མི་རེའི་ཆ་སྙོམས་ཀྱིས་གློག་བརྙན་ཐེངས༡.༦༤ལ་ལྟ་ཐུབ་པ་རེད།