中文  |   ENGLISH
 
 
 
དེ་རིང་དོ་སྣང་།: སྲིད་གཞུང་དང་ལས་རིགས་སྤྱོད་ཚུལ་སྐོར་གྱི་བོད་སྐད་ཐད་སྦྲེལ་ཁ་པར་ལེ་ཚན་སྤྱི་ཟླ༨པའི་ཚེས༡༠ཉིན་འགོ་བཙུགས་རྒྱུ་ཡིན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > གསར་འགྱུར།  > ལྗོངས་ཏང་ཨུད་དྲིལ་བསྒྲཌ་པུས་ཧུའུ་ཅིན་ཐའོ་ཡིས་བོད་ལྗོངས་འཐུས་མི་ཚོཌ་པའི་གྲོས་ཞིབ་ལ་ཞུཌ་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ།
ལྗོངས་ཏང་ཨུད་དྲིལ་བསྒྲཌ་པུས་ཧུའུ་ཅིན་ཐའོ་ཡིས་བོད་ལྗོངས་འཐུས་མི་ཚོཌ་པའི་གྲོས་ཞིབ་ལ་ཞུཌ་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-3-10 11:36:30
ཉེ་དུས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཆེད་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེང་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱིས།  བོད་ཀྱི་ལས་དོན་ལ་གདེངས་འཇོགས་གང་ལེགས་གནང་ཡོད་པ་མ་ཟད་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ལ་ཐུགས་རེ་ཟབ་མོ་དང་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་ནས།  བསམ་བློ་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཐད་གནང་བའི་ཐབས་ཇུས་བཀོད་སྒྲིག་ཁག་གི་ཐོག་གཅིག་གྱུར་ཡོང་བ་དང༌།  བློ་རིག་དང་སྟོབས་ཤུགས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བརྗེད་ཆེའི་ལག་ལེན་དངོས་ནང་གཅིག་འདུས་ཡོང་བ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་རེད།
ཚང་མས་སླད་ཕྱིན་ལས་ཀའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་དུ་ཐེངས་ལྔ་པའི་དགོངས་དོན་དང་དམ་པོར་བསྟུན་ནས་དེ་བས་མཐོང་རྒྱ་ཆེ་བ་དང་དེ་བས་དཔའ་ངར་ཆེར་སྐྱེད།  དེ་བས་སྤྱོད་ཚུལ་ཏན་ཏིག་ངང་རྣམ་པ་སྣ་ཚོགས་དང་ཐབས་ལམ་སྣ་ཚོགས་རྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་སྒྲོག་འགྲེལ་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སྤྲོ་སེམས་དང་བྱ་བ་སྒྲུབ་པའི་ངར་ཤུགས་འཕེལ་བ་བྱས་ནས།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་སྒྲིག་འཛུགས་ཡག་པོ་དང་ལྗོངས་ཡོངས་སུ་གསུང་བཤད་སློབ་སྦྱོང་ལག་བསྟར་དང་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་མ་ཟད།  རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།
 
  རྩོམ་ཡིག་འདི་ཐེངས་:(67
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail