བོད་རང་སྐྱོང་ལྗོངས་ཀྱིས་ད་ལོ་ཐང་ཀ་ཚུད་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་མང་པོ་ལག་བསྟར་བྱེད་པ། རྒྱུད་འཛིན་པར་སྲུང་སྐྱོབ་བྱེད་པ་བཅས་དང་ཆབ་གཅིག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་། རིག་གནས་སྲུང་སྐྱོབ་ཁུལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུ་རེད།
ཕར་ཆིན་རྒྱབ་པའི་ཆོས་འཁོར་གྱི་ཐང་ཀ
སྤྱིར་ཐང་ཀ་ནི་བོད་ཀྱི་བཟོ་དངོས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ་ཁྱབ་རྒྱ་ཆེ་བ་ཙམ་དུ་མ་ཟད། རིན་ཐང་གཞལ་དུ་མེད་པའི་བཟོ་རིག་པའི་དངོས་པོ་མང་པོ་བཞུགས་ཡོད། བཟོ་རྩལ་དེ་རིགས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གོང་དུ་བོད་དུ་དར་ཡོད་པ་ཞིག་ཡིན། ཐང་ཀ་ལ་དབྱེ་ན། སྐྱ་ཐང་དང་ཚོན་རྫོགས། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། གོས་སྐུ་འབུར་མ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ཀ ཕྱིས་སུ་དར་བའི་ཆུ་རིས་མ། ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད། ཐང་ཀའི་ནང་དོན་ངོས་ནས་བཤད་ན་ལོ་རྒྱུས་དང་རིག་གནས། ཆོས་ལུགས། གསོ་རིག གནམ་རིས་སྐར་བརྩིས་སོགས་མང་པོ་ཚུད་ཡོད་པ་རེད།།
སྟོན་པ་གཙོ་འཁོར་གྱི་ཐང་ཀ
བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བསྟན་པ་རབས་སྟན་གྱིས་སློབ་མར་སློབ་ཁྲིད་གནང་བཞིན་པ།
གསལ་བཤད། པར་རིས་ཡོང་ཁུངས་ཤིན་ཧྭ་དྲ་བ།