中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > གསར་འགྱུར། > གསར་འགྱུར།  > རང་ལྗོངས་ཀྱིས་ན་ནིང་བུད་མེད་ལས་ཞུགས་ལ་སྐུལ་མ་གཏོང་ཆེད་ལས་གནས༦༠༠ལྷག་ཙམ་བཀོད་སྒྲིག་བྱས་ཡོད།
རང་ལྗོངས་ཀྱིས་ན་ནིང་བུད་མེད་ལས་ཞུགས་ལ་སྐུལ་མ་གཏོང་ཆེད་ལས་གནས༦༠༠ལྷག་ཙམ་བཀོད་སྒྲིག་བྱས་ཡོད།
བོད་ལྗོངས་རླུང་འཕྲིན། -- བོད་ལྗོངས་རླུང་འཕྲིན།
2010-3-8 16:06:03

སྤྱི་ལོ ༢༠༠༩ ལོར།  རང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་ཁྱབ་ངང་ཤིང་འཛུགས་དང༌གསོ་སྤེལ།  ལག་ལས་འཁེལ་འཐག  ཁ་ལོ་བའི་ལག་རྩལ།  ངལ་ནུས་ཕྱིར་གཏོང༌། སྲོལ་རྒྱུན་གྱི་ཚོས་རྒྱག་པ།  ཀོ་པགས་ལས་སྣོན་སོགས་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་རྩལ་ནུས་སྦྱོང་བརྡར་འཛིན་གྲ་ཐེངས ༣༥༤ གཉེར་ཏེ་བུད་མེད་མི་གྲངས་ལྔ་ཁྲི་ལྔ་སྟོང་ལྷག་ཙམ་ལ་སྦྱོང་བརྡར་སྤྲད་པ་དང༌།  བུད་མེད་མི་ཐེངས་ཁྲི་ཚོ་བཅུ་གསུམ་སྒྲིག་འཛུགས་ཀྱིས་ངལ་ནུས་ཕྱིར་གཏོང་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་གཅིག་དང་ཁྲི་ཚོ་དགུ་སྟོང་ཙམ་གཏོད་ཡོད་པ་རེད།  རང་ལྗོངས་ཀྱིས་ན་ནིང་རྩལ་ནུས་སྦྱོང་བརྡར་བརྟེན་གཞི་ལྔ་གསར་སྐྲུན་བྱས་ནས་སྦྱོང་བརྡར་མ་དངུལ་སྒོར་ཁྲི་ཚོ ༡༢༧ ལྷག་ཙམ་རག་ཐབས་དང་དོན་འཁྱོལ་བྱས་ཡོད་པ་རེད།
རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་ལ་རྟེན་ནས་མཉམ་འབྲེལ་ཐོག་ཞིང་འབྲོག་ཁུལ་གྱི་བུད་མེད་ལ་གནས་གཏན་འཁེལ་གྱིས་སྦྱོང་བརྡར་ཐེངས་དང་པོ་སྤྲད་དེ་སྦྱོང་བརྡར་དང༌རྒྱུག་ལེན།  ལས་གནས་ཐོག་སྐྱོད་པ།  ལས་ཞུགས་བཅས་ཡུག་གཅིག་ཏུ་སྒྲིལ་བའི་ཞབས་ཞུ་བྱས་ནས་ཞིང་འབྲོག་བུད་མེད ༡༣༠ ས་གནས་རང་ཁོངས་སུ་ལས་ཞུགས་ཐུབ་པ་བྱས་ཡོད་པ་རེད།  དེ་དང་དུས་མཚུངས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཚན་པ་དང་གཞོགས་འདེགས་བྱས་ནས་སྤྱི་ལོ ༢༠༠༩ ལོའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པའི་ཇུས་གཞི་བཟོས་ཏེ་དཔྱིད་ཀྱི་རླུང་བུའི་ལས་གནས་གཏོད་པའི་བྱེད་སྒོ་སྤེལ་བ་དང༌།  བུད་མེད་ལས་ཞུགས་ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ནས་བུད་མེད་ངལ་རྩོལ་པ་དང་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་སོགས་ལ་ཁྱོན་ལས་གནས ༦༠༠ ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་རེད།།

 
  རྩོམ་ཡིག་འདི་ཐེངས་:(40
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail