中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > སློབ་སྦྱོང་ལྡུམ་རྭ; Unicodeཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་སམ།
Unicodeཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་སམ།
--བོད་ལྗོངས་རླུང་འཕྲིན།
2009-4-29 17:56:41

Unicodeཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་སམ།

བོད་ཀྱིITདྲ་བ། གླིང་སྨྱོན་གྱིས་བྲིས།
གང་འདྲ་ཞིག་ནིUnicodeཡིན་ནམ།
ལོ་རྒྱུས་སྟེང་དུ་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་རྩ་འཛུགས་ལས་ཁུངས་(ISO)ཀྱིISO 10646ལས་གཞི་དང༌། སྐད་རིགས་མང་པོའི་མཉེན་ཆས་བཟོ་བསྐྲུན་ལས་ཁུངས་ཀྱིས་གྲུབ་པའི་Unicodeལས་གཞི་གཉིས་ནི་དང་ཐོག་སྒེར་ཚུགས་ཡིན་ཅིང༌། རྗེས་སུ་མཉམ་འབྲེལ་བྱས་ནས་གཅིག་གྱུར་གྱི་ཚབ་ཨང་གཏན་ལ་ཕབ་པ་རེད། འོན་ཀྱང་ལས་གཞི་དེ་གཉིས་ལ་རང་རང་གི་ཚད་གཞི་རེ་ཡོད་ལ། སྒེར་ཚུགས་ཅན་གྱི་རྣམ་པས་སྒོ་ནས་ཚད་གཞི་དེ་ཁྱབ་བསྒྲགས་བྱས་ཡོད། ཡིན་ན་ཡང་Unicode མཐུན་ཚོགས་དངISO/IEC JTC1/SC2གང་ཡིན་ཡང་UnicodeདངISO 10646ཡི་ཚད་གཞི་ལ་མོས་མཐུན་བྱེད་པ་མ་ཟད་ཕན་ཚུན་ཚད་གཞིའི་བར་འགལ་བ་མི་བྱུང་པར་བྱས་པ་དང༌། མ་འོངས་པའི་དུས་སུ་ཡང་མཉམ་འབྲེལ་རྒྱུན་འཛིན་བྱེད་པ་ཡིན།

དེས་ན། UnicodeདངISO 10646གཉིས་བར་ལ་མི་འདྲ་བ་གང་ཡོད་དམ་ཞེ་ན།
Unicodeམཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བའི་ཚད་གཞིའི་ཁྲོད་དུ་ISO 10646-1ཡི་རིམ་པ་གསུམ་པའི་རྩ་བའི་སྐད་རིགས་མང་པོའི་ངོས་དེ་འདུས་ཤིང༌། ཚད་གཞི་གཉིས་ཀའི་ཁྲོད་ཡིག་རྟགས་ཡོངས་རྫོགས་ཀྱི་གནས་ཡུལ་འདྲ་མཚུངས་ཡིན་ལ་མིང་ཡང་གཅིག་འདྲ་ཡིན་པར་བྱས་ཡོད། ISO 10646ཚད་གཞི་ནི་སྟབས་བདེའི་ཡིག་རྟགས་ཚོགས་ཀྱི་རེའུ་མིག་ཤིག་ཏུ་ངོས་འཛིན་ཆོག་ལ། དེས་ཚད་གཞི་རང་དང་འབྲེལ་བ་ཡོད་པའི་མིང་བརྡ་གསལ་སྟོན་དང༌། ཚབ་ཨང་རེ་འགའི་མིང་འདོགས་ལ་མཚན་ཉིད་བཞག་པ་ཙམ་ལ་ངོས་བཟུང་ན་ཆོག

Unicodeཡིས་ཡིག་རྟགས་རེ་ལ་གྲངས་ཀ་རེ་བྱིན་ཡོད་ཅིང༌། དེས་སྙོམས་སྟེགས་དང་བྱ་རིམ། སྐད་རིགས་སོགས་གང་ཡིན་ལ་མི་བལྟ་བར་གཅིག་གྱུར་ཏུ་བྱས་ཡོད་པ་ཞིག་ཡིན། Unicodeཚད་གཞི་ལ་བཟོ་ལས་པའི་སྡེ་ཡི་མགོ་ཁྲིད་པས་གཙིགས་འཛིན་དང་བཀོལ་སྤྱོད་བྱས་ཡོད་པ་ནི་དཔེར་ན། Apple, HP, IBM, JustSystem, Microsoft, Oracle, SAP, Sun, Sybase, Unisysསོགས་ཀུང་ཟི་ཆེ་ཤོས་དག་ལྟ་བུ། དེར་མ་ཟད་དེང་དུས་ཀྱི་ཚད་གཞི་གསར་བ་གང་ཞིག་བཟོ་དགོས་ཀྱངUnicode དགོས་ཀྱིན་ཡོད་པ་དཔེར་ན། XML, Java, ECMAScript (JavaScript), LDAP, CORBA 3.0, WML སོགས་ལྟ་བུ། མདོར་ན UnicodeནིISO/IEC 10646 མངོན་འགྱུར་བྱེད་པའི་ཐབས་ལམ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། བཀོལ་སྤྱོད་མ་ལག་མང་པོ་དང་མཉེན་ཆས་མང་པོས་ཀྱང་དེར་རམ་འདེགས་བྱེད་ཐུབ་པ་མ་ཟད། Unicodeཚད་གཞི་ཡི་བྱུང་བ་དང་དེར་རྒྱབ་སྐྱོར་ཐུབ་པའི་ལག་ཆ་ཡོད་པར་གྱུར་བ་ནི་འཛམ་གླིང་ཡོངས་ཀྱི་མཉེན་ཆས་ལག་རྩལ་མཐོར་འདེགས་སུ་འགྲོ་བའི་གོམས་འགྲོས་ཤིག་ཏུ་འགྱུར་དང་གྱུར་ཡོད་པ་ཤིག་གོ།

  རྩོམ་ཡིག་དེ་གཟིགས་གྲུབ་འདུ(1343)
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་
ནང་དོན
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས຿ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས຿br> ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོདി
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail