中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > སློབ་སྦྱོང་ལྡུམ་རྭ; སློབ་ཚན་བཅུ་པ། རྣམ་དབྱེ་དང་པོ་དང་འབྲེལ་བའི་སླར་བསྡུ་བཤད་པ།
སློབ་ཚན་བཅུ་པ། རྣམ་དབྱེ་དང་པོ་དང་འབྲེལ་བའི་སླར་བསྡུ་བཤད་པ།
--བོད་ལྗོངས་རླུང་འཕྲིན།
2009-4-30 12:00:27

སློབ་ཚན་བཅུ་པ། རྣམ་དབྱེ་དང་པོ་དང་འབྲེལ་བའི་སླར་བསྡུ་བཤད་པ།

གོང་དུ་བཤད་པའི་རྣམ་དབྱེ་དང་པོ་དེའི་རྗེས་སུ་རྣམ་དབྱེ་གཉིས་པ་བཤད་ན་འོས་མོད། རྣམ་དབྱེ་དང་པོའི་རྗེས་སུ་གོ་སོགས་སྦྱར་ན། དེ་དང་འབྲེལ་བ་ཞིག་ཡིན་པས་དེ་དང་འབྲེལ་བ་ཡང་ཞར་ལ་སླ་མོར་ཤེས་ཕྱིར་མཚམས་འདིར་སླར་བསྡུ་བཤད་རྒྱུ་ཡིན། རྗེས་འཇུག་གི་ཡི་གེ་བཅུ་པོ་ལ་ན་རོ་སྦྱར་བ། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་རྣམས་དང་། ད་དྲག་གི་རྗེས་སུ་ཏོ་ཡིག་བཅས་བསྡོམས་པས་བཅུ་གཅིག་པོ་དེ་ལ་སླར་བསྡུ་ཟེར་བ་ཡིན། དེ་རྣམས་མིང་མཐར་སྦྱོར་ཚུལ་ནི། རྗེས་འཇུག་རང་འདྲའི་རྗེས་སུ་སྦྱོར་བ་ཡིན་ཏེ་རྗེས་འཇུག་གའི་རྗེས་སུ་གོ་དང་ངའི་རྗེས་སུ་ངོ་ཞེས་རིམ་བཞིན་སྦྱོར་བ་ཡིན། ད་དྲག་གི་རྗེས་སུ་ཏོ་སྦྱོར་བ་ཡིན་ནོ། དེ་རྣམས་དོན་ལ་སྦྱོར་ཚུལ་ནི། དཔེར་ན། མཆོག་གོ མང་ངོ་། ཡོད་དོ། ཡིན་ནོ། ཐོབ་བོ། འཛོམ་མོ། དགའ་འོ། འགྱུར་རོ། བསྒྲིལ་ལོ། ཤེས་སོ། གྱུར་ཏོ་ཞེས་པ་ལྟ་བུ་དང་། ཡང་ན། ང་ཚོའི་སློབ་གྲྭ་མཆོག་གོ སློབ་མ་ཧ་ཅང་མང་ངོ་། ཀུན་ལ་ཡོན་ཏན་ཡོད་དོ། སློབ་ལ་བརྩོན་པ་ཡིན་ནོ། ཀུན་གྱི་དགའ་བསུ་ཐོབ་བོ། སློབ་སྦྱོང་ཁོ་ཆས་འཛོམ་མོ། ཐམས་བཅད་ཤིན་ཏུ་དགའ་འོ། སྤྱོད་ངན་རྩ་ནས་འགྱུར་རོ། སྟོབས་ཤུགས་གཅིག་དོར་ཏུ་བསྒྲིལ་ལོ། གནས་ལུགས་ཐམས་བཅད་ཤེས་སོ། དགེ་རྒན་དགའ་བར་གྱུར་ཏོ་ཞེས་པ་ལྟ་བུའོ།།

དེ་ལ་སླར་བསྡུ་ཟེར་དོན་ནི་མིང་དེའི་རང་གི་རྗེས་སུ་དེ་མ་ཐག་ཏུ་སླར་ཡང་ཚིག་གྲོགས་འབྱུང་བ་བསྡུ་བ་ནས་སླར་བསྡུ་ཟེར། མིང་གཞན་ཟླ་སྡུད་དང་རྫོགས་ཚིག་ཀྱང་ཟེར། ཚིག་གི་ཟླ་བོ་སྟེ་ཚིག་གྲོགས་སྡུད་པར་བྱེད་པས་ན་ཟླ་སྡུད་དང་སྐབས་དོན་དེ་གནས་སྐབས་དེར་རེ་ཞིག་རྫོགས་པར་སྟོན་པས་ན་རྫོགས་ཚིག་ཀྱང་ཟེར་རོ།།

སློབ་ཚན་འདིའི་སྡོམ་ཚིག

གོ་ངོ་དོ་ནོ་བོ་མོ་འོ།།

རོ་ལོ་སོ་ཏོ་སླར་བསྡུ་ཡིན།།

རྗེས་འཇུག་རང་དང་ད་དྲག་ཏོ།།

ཟླ་སྡུད་རྫོགས་ཚིག་ཅེས་ཀྱང་ཟེར།།
  རྩོམ་ཡིག་དེ་གཟིགས་གྲུབ་འདུ(1244)
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་
ནང་དོན
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས຿ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས຿br> ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོདി
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail