中文  |   ENGLISH
 
 
 
དེ་རིང་དོ་སྣང་།: སྲིད་གཞུང་དང་ལས་རིགས་སྤྱོད་ཚུལ་སྐོར་གྱི་བོད་སྐད་ཐད་སྦྲེལ་ཁ་པར་ལེ་ཚན་སྤྱི་ཟླ༨པའི་ཚེས༡༠ཉིན་འགོ་བཙུགས་རྒྱུ་ཡིན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > སློབ་སྦྱོང་ལྡུམ་རྭ; སློབ་ཚན་དགུ་པ། རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ།
སློབ་ཚན་དགུ་པ། རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ།
--
2009-4-30 11:55:31

སློབ་ཚན་དགུ་པ། རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ།

རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ་ཞེས་པ་ནི། མིང་ཙམ་བརྗོད་པའམ་མིང་ཙམ་སྟོན་པ་ལ་གོ་དགོས། གསལ་པོར་བཤད་ན་ཆོས་གང་ཡང་རུང་བ་ཞིག་གི་དོན་གྱི་ངོ་བོ་ཙམ་སྟོན་པ་ལ་རྣམ་དབྱེ་དང་པོ་ཟེར་བ་ཡིན། དེ་ཡང་ཚེག་ཁྱིམ་དང་ཡི་གེའི་མང་ཉུང་ལ་མ་བལྟོས་པར་བརྗོད་བྱའི་དོན་གྱི་ངོ་བོ་ཁོ་ན་སྟོན་པའི་མིང་རྐྱང་པ་ཞིག་ལ་གོ་དགོས་སོ། དེ་ལ་རྣམ་གསལ་གྱི་དཔེར་བརྗོད་ཅིག་བཀོད་དེ་བཤད་ན། ཁང་པ་ཞེས་པ་ལྟ་བུར་མཚོན་ན། ཁང་པའི་ངོ་བོ་ཙམ་ལས་ཁྱད་པར་གང་ཡང་མི་སྟོན་པས་ན་མིང་ཙམ་ཁོ་ན་ཡིན། དེ་བཞིན་དུ་མི། ལྷ། ཕ། མ་ཞེས་པ་ལྟ་བུ་ཚེག་ཁྱིམ་གཅིག་གིས་གྲུབ་པའི་མིང་དང་། ཉི་མ། ནམ་མཁའ། རྒྱ་མཚོ། རི་བོ། སློབ་གྲྭ། དགེ་རྒན། དཔེ་ཆ། ཡི་གེ་ལྟ་བུ་ཚེག་ཁྱིམ་གཉིས་ཀྱིས་གྲུབ་པའི་མིང་གང་ཡིན་རུང་རང་གི་དོན་གྱི་ངོ་བོ་དེ་མིང་གཞན་དང་མ་འདྲེས་པར་གསལ་པོར་སྟོན་པའི་ནུས་པ་ཡོད་ལ། རྣམ་དབྱེ་ཞེས་ལོགས་སུ་ཕྲད་ཅིག་སྦྱོར་མི་དགོས་པས། མིང་རྐྱང་དེ་རྣམ་དབྱེ་དང་པོར་བཞག་པ་ཡིན། དེ་ལ་ད་དུང་དཔེ་བཞག་ནས་བཤད་ན། མཆོག མང་། ཡོད། ཡིན། ཐོབ། འཛོམ། དགའ། འགྱུར། བསྒྲིལ། ཤེས། མྱུར་ལྟ་བུ་མང་ངོ་། ཡང་ཁང་པའི་ཀ་བ་ཞེས་པ་ལྟ་བུར་མཚོན་ན་ཁང་པའི་ངོ་བོ་ལས་ཁྱད་པར་ཀ་བ་སྟོན་པ་ཡིན་པས། ཁྱད་པར་སྟོན་པ་ཚིག་ཏུ་གྱུར་པས་ན། རྣམ་དབྱེ་དང་པོ་མིན་ནོ། དེས་ན་རྣམ་དབྱེ་དང་པོ་ཞེས་པ་ནི་དོན་གྱི་ངོ་བོ་ཁོ་ན་སྟོན་པའི་མིང་ལ་གོ་དགོས་པ་ནི་གནད་དམ་པ་ཡིན་ནོ།།

མིང་དེ་ལ་དབྱེ་ན་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་ཞེས་གཉིས་ཡོད། དེ་གོ་སླ་བར་བཤད་ན་དངོས་པོ་གང་དང་གང་ཞིག་ཡིན་རུང་དེ་ཐོག་མར་གྲུབ་པ་དང་མཉམ་དུ། མིང་འདོགས་མཁན་གྱིས་རྒྱུ་མཚན་གང་ཡང་མེད་པར་རང་གི་འདོད་པ་ལྟར་མིང་བཏགས་པ་དེ་ལ་འདོད་རྒྱལ་ཐོག་མའི་མིང་ཞེས་ཟེར། དཔེར་ན། ས། ཆུ། རི་ལྟ་བུ། འདོད་རྒྱལ་ཐོག་མའི་མིང་དེའི་དོན་ལ་གོ་བ་ལོན་པ་གཞིར་བྱས་ནས། དེ་དང་འདྲ་བའམ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་དེ་ལ་རྗེས་གྲུབ་ཀྱི་མིང་ཞེས་ཟེར། དཔེར་ན། ས་སྨྱུག རི་མགོ ཆུ་མགོ་ལྟ་བུའོ།།

མདོར་བསྡུས་ཏེ་བཤད་ན། མིང་དེ་བཏགས་པ་ལ་རྒྱུ་མཚན་བཤད་རྒྱུ་མེད་པ་འདོད་རྒྱལ་ཐོག་མའི་མིང་དང་། རྒྱུ་མཚན་བཤད་རྒྱུ་ཡོད་པ་ཞིག་ལ་རྗེས་གྲུབ་ཀྱི་མིང་ཟེར་རོ།།

སློབ་ཚན་འདིའི་སྡོམ་ཚིག

གང་ཞིག་དོན་གྱི་ངོ་བོ་ཙམ།།

བརྗོད་པ་རྣམ་དབྱེ་དང་པོ་ཡིན།།

  རྩོམ་ཡིག་དེ་གཟིགས་གྲུབ་འདུ(1415)
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་
ནང་དོན
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས຿ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས຿br> ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོདി
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail