中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > སློབ་སྦྱོང་ལྡུམ་རྭ; སློབ་ཚན་བདུན་པ། འདོགས་ཅན་གྱི་ཡི་གེ་བཤད་པ།
སློབ་ཚན་བདུན་པ། འདོགས་ཅན་གྱི་ཡི་གེ་བཤད་པ།
--བོད་ལྗོངས་རླུང་འཕྲིན།
2009-4-30 11:51:55

སློབ་ཚན་བདུན་པ། འདོགས་ཅན་གྱི་ཡི་གེ་བཤད་པ།

གསལ་བྱེད་སུམ་བཅུའི་ནང་ནས་ཡ་ར་ལ་ཝ་བཞི་ནི་འདོགས་ཅན་གྱི་ཡི་གེ་ཡིན། འདོགས་ཅན་གྱི་ཡི་གེ་ཟེར་དོན་ནི། མིང་གཞིའི་ཡི་གེ་རྣམས་ལ་སྨད་ནས་ཡར་ལ་འདོགས་པའི་ཚུལ་གྱིས་འཇུག་པས་ན་འདོགས་ཅན་གྱི་ཡི་གེ་ཟེར། དེ་ལ་ཡ་བཏགས་ཅན་གྱི་ཡི་གེ་བདུན་ཡོད་དེ། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་བཅས་ཡིན། དེ་རྣམས་དོན་ལ་འཇུག་ཚུལ་ནི། དཔེར་ན། ཀྱེ་མ། ལུག་ཁྱུ། གྱོད་གཞི། དཔྱད་གཞི། ཁ་ཕྱོགས། བྱ་བ། མྱུར་མོ་ཞེས་པ་ལྟ་བུའོ།།

ར་བཏགས་ཅན་གྱི་ཡི་གེ་བཅུ་གཉིས་ཡོད་དེ། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་ཡིན། དེ་རྣམས་དོན་ལ་འཇུག་ཚུལ་ནི། དཔེར་ན། བཀྲ་ཤིས། ཁྲོམ་ཆེན། རལ་གྲི། པ་ཏྲ། ཐྲིག་སྒྲ། དྲང་མོ། པྲོག་ཟེ། འཕྲིན་ཡིག ཕོ་བྲང་། ཨ་མྲ། སྲང་ལམ། ཧྲིལ་པོ་ཞེས་པ་ལྟ་བུའོ།།

ལ་བཏགས་ཅན་གྱི་ཡི་གེ་དྲུག་ཡོད་དེ། ཀླ་གླ་བླ་ཟླ་རླ་སླ་བཅས་རྣམས་ཡིན། དེ་རྣམས་དོན་ལ་འཇུག་ཚུལ་ནི། དཔེར་ན། ཀླད་པ། གློག་སྒྲོན། བླ་བྲང་། ཟླ་བ། རླབས་ཆེན། སླ་མོ་ཞེས་པ་ལྟ་བུའོ།།

ཝ་བཏགས་ཅན་གྱི་ཡི་གེ་བཅུ་གཉིས་ཡོད་དེ། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་བཅས་རྣམས་ཡིན། དེ་རྣམས་དོན་ལ་འཇུག་ཚུལ་ནི། དཔེར་ན། ཀྭ་ཡེ། ཁྭ་ཏ། གྭ་བ། ཉྭ་སྟི། དྭ་ཕྲུག ཚྭ་ཁུ། ཞྭ་མོ། ཟྭ་ཚོད། ཤྭ་འོད། རྭ་ཅོ། ཧྭ་ཤང་། ལྭ་བ་ཞེས་པ་ལྟ་བུ་དང་། གཞན་ཡང་སློབ་གྲྭ། རྩྭ་ཐང་། ཕྱྭ་གཡང་ལྟ་བུ་ག་ལ་ར་བཏགས་དང་། ཙ་ལ་ར་མགོ ཕ་ལ་ཡ་བཏགས་བྱུང་བའི་སྐབས་སུ་ཝ་བཏགས་འཇུག་པའི་སྐབས་ཀྱང་ཡོད་པ་ཤེས་དགོས།

སློབ་ཚན་འདིའི་སྡོམ་ཚིག

འོག་ན་གདན་ལྟར་མཛེས་པ་ཡི།།

ཡ་ར་ལ་ཝའི་འདོགས་བཞིའོ།།

ཡ་བཏགས་བདུན་དང་ར་བཏགས་ནི།།

བཅུ་གཅིག་ལ་བཏགས་ཡི་གེ་དྲུག།

ཝ་བཏགས་ཡི་གེ་བཅུ་གཉིས་ཏེ།།

ག་ལ་ར་བཏགས་འདོགས་པ་དང་།།

ཙ་ལ་ར་མགོ་ཕ་ཡིག་ལ།།

ཡ་བཏགས་བྱུང་ཚེ་ཝ་བཏགས་སྲིད།།
  རྩོམ་ཡིག་དེ་གཟིགས་གྲུབ་འདུ(909)
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་
ནང་དོན
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས຿ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས຿br> ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོདി
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail