中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > སློབ་སྦྱོང་ལྡུམ་རྭ; སློབ་ཚན་དྲུག་པ། མགོ་ཅན་གྱི་ཡི་གེ་བཤད་པ།
སློབ་ཚན་དྲུག་པ། མགོ་ཅན་གྱི་ཡི་གེ་བཤད་པ།
--བོད་ལྗོངས་རླུང་འཕྲིན།
2009-4-30 11:42:38

སློབ་ཚན་དྲུག་པ། མགོ་ཅན་གྱི་ཡི་གེ་བཤད་པ།

གསལ་བྱེད་སུམ་ཅུའི་ནང་ནས་ར་ལ་ས་གསུམ་ནི་མགོ་ཅན་གྱི་ཡི་གེ་ཡང་ཡིན། དེ་ལ་མགོ་ཅན་གྱི་ཡི་གེ་ཟེར་དོན་ནི་མིང་གཞིའི་ཡི་གེ་ལུས་ལྟ་བུ་དེའི་ཐོག་ར་ལ་ས་གསུམ་གྱི་མགོ་ཅན་བརྩེགས་ནས་ཡོད་པས་མིང་དེ་ལྟར་བཏགས་པ་ཡིན། དེ་ལ་ར་མགོ་ཅན་གྱི་ཡི་གེ་བཅུ་གཉིས་ཡོད་དེ། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་བཅས་ཡིན། དོན་ལ་འཇུག་ཚུལ་ནི། དཔེར་ན། ཆུ་རྐ། བྱ་རྒོད། རྔ་མོང་། རྗེས་འཇུག རྙིང་པ། རྟ་མཆོག རྡོ་རིང་། རྣ་བ། རྦ་རླབས། རྨ་ཆུ། རྩེ་མོ། རྫ་རི་ཞེས་པ་ལྟ་བུའོ།།

ལ་མགོ་ཅན་གྱི་ཡི་གེ་བཅུ་ཡོད་དེ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་བཅས་ཡིན། དོན་ལ་འཇུག་ཚུལ་ནི། དཔེར་ན། ལྐོག་ཏུ། ལྒང་བུ། ལྔ་བཅུ། ལྕེ་རྩེ། ཡུལ་ལྗོངས། ལྟད་མོ། ལྡུམ་རྭ། སྟག་ལྤགས། ལྦ་བ། ལྷ་མོ་ཞེས་པ་ལྟ་བུའོ།།

ས་མགོ་ཅན་གྱི་ཡི་གེ་བཅུ་གཅིག་ཡོད་དེ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་བཅས་ཡིན། དོན་ལ་འཇུག་ཚུལ་ནི། དཔེར་ན། སྐེད་པ། སྒལ་པ། སྔ་དྲོ། སྙན་མོ། སྟ་རེ། སྡོང་པོ། སྣ་ཁུང་། སྤང་རྒྱན། སྦལ་པ། སྨན་པ། བཀའ་བསྩལ་ཅེས་པ་ལྟ་བུའོ།།

སློབ་ཚན་འདིའི་སྡོམ་ཚིག

སྟེང་ན་ཞྭ་ལྟར་མཛེས་པ་ཡི།།

ར་ལ་ས་ཡི་མགོ་ཅན་སྟེ།།

ར་མགོ་ཅན་པ་བཅུ་གཉིས་དང་།།

ལ་མགོ་ཅན་གྱི་ཡི་གེ་བཅུ།།

ས་མགོ་ལྡན་པ་བཅུ་གཅིག་གོ།

  རྩོམ་ཡིག་དེ་གཟིགས་གྲུབ་འདུ(918)
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་
ནང་དོན
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས຿ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས຿br> ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོདി
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail