中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > སློབ་སྦྱོང་ལྡུམ་རྭ; སློབ་ཚན་བརྒྱད་པ། རྣམ་དབྱེ་བཤད་པ།
སློབ་ཚན་བརྒྱད་པ། རྣམ་དབྱེ་བཤད་པ།
--བོད་ལྗོངས་རླུང་འཕྲིན།
2009-4-30 11:54:17

སློབ་ཚན་བརྒྱད་པ། རྣམ་དབྱེ་བཤད་པ།

གོང་དུ་དབྱངས་གསལ་དང་སྔོན་རྗེས། མགོ་འདོགས་ཅན་གྱི་ཡི་གེ་བཤད་ཟིན་པ་ལྟར། ཡི་གེ་ནི་མིང་ཚིག་བརྗོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། ཡི་གེ་དུ་མ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག་གྲུབ། ཚིག་གིས་བརྗོད་བྱའི་དོན་ཐམས་ཅད་སྟོན་པ་ཡིན། མིང་གཞིའི་ཡི་གེ་རྣམས་ལ་སྔོན་འཇུག་སྦྱར་མ་སྦྱར་གང་ཡང་རུང་ལ། གཙོ་བོ་རྗེས་འཇུག་བཅུ་པོ་གང་རུང་ཞིག་མ་ཞུགས་ན་དོན་སྟོན་མི་ཐུབ། དེར་མ་ཟད་རྣམ་དབྱེ་དང་ཚིག་ཕྲད་ཀྱང་སྦྱོར་མི་ཐུབ། རྗེས་འཇུག་བཅུ་པོ་གང་རུང་ཞིག་ཞུགས་པ་ལ་བརྟེན་ནས། རྣམ་དབྱེ་དང་ཚིག་ཕྲད་འབྱུང་བ་ཡིན་པས། རྣམ་དབྱེ་དང་ཚིག་ཕྲད་སྦྱར་བ་ཚིག་ཏུ་གྱུར་པ་ཡིན། དེ་བས་རྣམ་དབྱེ་དང་ཚིག་ཕྲད་ཀྱི་འཇུག་ཚུལ་བཤད་དགོས་བྱུང་བ་ཡིན་ལ། འདིར་སུམ་ཅུ་པ་བཤད་པའི་སྐབས་ཀྱི་དཀའ་གནད་དང་གཙོ་གནད་ཀྱང་རྣམ་དབྱེ་དང་ཚིག་ཕྲད་ཀྱི་འཇུག་ཚུལ་འདི་རང་ཡིན་ནོ། རྣམ་དབྱེ་ཞེས་པ་ནི། སྦྱར་གཞིའི་མིང་དེ་ལ་རྣམ་དབྱེའི་ཕྲད་དེ་སྦྱར་ན་ཚིག་དོན་གྱི་བརྗོད་བྱར་གོ་དོན་མི་འདྲ་བ་སྟོན་ནུས་པ་ཞིག་ཡིན། དེ་ཡང་དཔེར་ན་མི་ཞེས་པའི་མིང་དེར་མིའི་ཞེས་འི་སྒྲ་ཞིག་སྦྱར་ན་མི་དེ་དང་འབྲེལ་བའི་དོན་ཞིག་སྟོན་པ་དང་། མིས་ཞེས་རྗེས་སུ་ས་སྒྲ་ཞིག་སྦྱར་ན་མི་དེས་བྱས་པའི་བྱ་བ་ཞིག་སྟོན་པ། མི་ལ་ཞེས་ལ་སྒྲ་ཞིག་སྦྱར་ན་དེ་ལ་ལྡན་པའི་དོན་ཞིག་སྟོན་པ་དང་། མི་ལས་ཞེས་ལས་སྒྲ་ཞིག་སྦྱར་ན་དེ་ལས་བྱུང་བའི་དོན་ཞིག་སྟོན་པ་ལྟ་བུའོ།།

རྣམ་དབྱེ་ཞེས་མིང་དེ་ལྟར་བཏགས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མིང་གཉིས་ཀྱི་རྣམ་པ་མ་འདྲེས་པར་སོ་སོར་དབྱེ་བ་འབྱེད་པས་ན་རྣམ་དབྱེ་ཟེར་བ་ཡིན་ནོ། འོ་ན་བོད་ལ་རྣམ་དབྱེ་ག་ཚད་ཡོད་ཅེས་ན། རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ། རྣམ་དབྱེ་གསུམ་པ་བྱེད་པ། རྣམ་དབྱེ་བཞི་པ་དགོས་ཆེད། རྣམ་དབྱེ་ལྔ་པ་འབྱུང་ཁུངས། རྣམ་དབྱེ་དྲུག་པ་འབྲེལ་སྒྲ། རྣམ་དབྱེ་བདུན་པ་གནས་གཞི། རྣམ་དབྱེ་བརྒྱད་པ་འབོད་སྒྲ་བཅས་སོ།།

སློབ་ཚན་འདིའི་སྡོམ་ཚིག

རྣམ་དབྱེ་ཞེས་པའི་གོ་དོན་ནི།།

མིང་ལས་ཚིག་ཏུ་སྒྲུབ་བྱེད་ཀྱི།།

རྐྱེན་ཏེ་བོད་ལ་བརྒྱད་ཡོད་དེ།།

དང་པོ་ངོ་བོ་ཙམ་བརྗོད་པ།།

གཉིས་པ་ལས་སུ་བྱ་བ་ཡིན།།

གསུམ་པ་བྱེད་པ་བཞི་པ་ནི།།

དགོས་ཆེད་ལྔ་པ་འབྱུང་ཁུངས་དང་།།

དྲུག་པ་འབྲེལ་སྒྲ་བདུན་པ་ནི།།

གནས་གཞི་བརྒྱད་པ་འབོད་སྒྲའོ།།

མིང་གི་རྣམ་པ་མ་འདྲེས་པར།།

སོ་སོར་དབྱེ་བ་བྱེད་པས་ན།།

རྣམ་དབྱེའི་མིང་བཏགས་སོ།།

  རྩོམ་ཡིག་དེ་གཟིགས་གྲུབ་འདུ(871)
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་
ནང་དོན
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས຿ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས຿br> ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོདി
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail