中文  |   ENGLISH
 
 
 
  ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།
  བོད་སྐད་རླུང་འཕྲིན།
  རྒྱ་སྐད་རླུང་འཕྲིན།
  ཁམས་སྐད་རླུང་འཕྲིན།
  གྲོང་ཁྱེར་འཚོ་བའི་རླུང་འཕྲིན།
  ལག་རྩལ་ལྟེ་གནས།
  བརྡ་སྦྱོར་ལྟེ་གནས་དང་བོད་སྐད་བརྡ་སྦྱོར།
  བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར།
  བོད་ལྗོངས་རླུང་འཕྲིན། གསར་འགྱུར།
བོད་སྐད་རླུང་འཕྲིན།
ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་ནི་༡༩༥༩ལོའི་ཟླ་བ་༡ཚེས་༡ཉིན་དངོས་སུ་གཏོང་འགོ་ཚུགས་པ་རེད། བོད་སྐད་རླུང་འཕྲིན་དངོས་སུ་གཏོང་འགོ་ཚུགས་ནས་མི་ལོ་༥༠སོང་རིང༌། ཡང་དག་པའི་གླེང་ཕྱོགས་དམ་པོར་འཛིན་པ་དང་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་ལྟེ་བ་བྱས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་རང་སྐྱོང་ལྗོངས་ཏང་ཨུད་དང༌། སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུས་ནས་བོད་སྐད་རླུང་འཕྲིན་གྱིས་གངས་ལྗོངས་ས་མཐོའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང༌། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་མཚོན་པར་བྱས་ཏེ་དུས་་བདེའི་བོད་ལྗོངས་དང༌། ཞི་མཐུན་བོད་ལྗོངས། འབྱོར་འབྲིང་བོད་ལྗོངས། སྣོད་བཅུད་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་ཆེད་གླེང་ཕྱོགས་ཀྱི་འགན་སྲུང་བྱེད་ཀྱི་ཡོད།

འཕྲིན་ལམ་གཉེར་སྟངས།

བོད་ལྗོངས་ལ་རྐང་པ་བཙུགས་པ་དང༌། རྒྱལ་ཁབ་ཕྱི་ནང་གི་བོད་སྐད་རླུང་འཕྲིན་གསན་མཁན་ལ་ཁ་ཕྱོགས་པ། ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། བོད་རིགས་སྡོད་ཁུལ་གྱི་རྣམ་པ་གསར་པ་མངོན་པ་བཅས་བྱས་ཏེ་འཛམ་གླིང་ཡུལ་གྲུ་ཀུན་གྱི་ལེགས་ཆ་བསྡུ་རུབ་དང༌། རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་འཕགས་དར་སྤེལ་གཏོང་རྒྱུ་དེ་ཡིན།
དང་པོ། ལེ་ཚན་གྱི་གྲུབ་ཆའི་སྐོར།
ལེ་ཚན་གཉེར་མཁན་སྡེ་ཚན་བཞི་ལ་དབྱེ་ཡོད་པ་སྟེ། གསར་འགྱུར་པུའུ་དང༌། ཆེད་སྒྲིག་པུའུ། ཕྱི་ཕྱོགས་པུའུབོད་སྐད་དང་དབྱིན་སྐད།  རིག་རྩལ་པུའུ་བཅས་ཡིན།
༡. གསར་འགྱུར་པུའུ་ནི་བོད་སྐད་འཕྲིན་ལམ་ཁོངས་ཀྱི་ཚན་པ་གལ་ཆེན་ཞིག་ཡིན། ཚན་པ་དེར་གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག སྙན་སྒྲོན། ཡིག་བསྒྱུར་བཅས་བྱེད་མཁན་མི་གྲངས་༡༣ཡོད་པ་དང༌། དེའི་ནང་སྙན་སྒྲོན་དང་གཙོ་སྐྱོང་པ་མི་གྲངས་༤དང་རྩོམ་སྒྲིག་པ་མི་གྲངས་༣ ཡིག་བསྒྱུར་བ་མི་གྲངས་༦བཅས་ཡོད། ཚན་པ་དེས་ཉིན་ལྟར་བོད་ལྗོངས་གསར་འགྱུར་མཉམ་བསྒྲགསལེ་ཚན་དང་སྐར་མ་ལྔའི་གསར་འགྱུར》《ཆ་འཕྲིན་ཀུན་བསྡུས》《ལེ་ཚན་སྔོན་བརྡ་དང་གནམ་གཤིས་སྔོན་བརྡབཅས་ལེ་ཚན་ཁག་བཞི་སྒྲིག་བཟོ་བྱེད་ཀྱི་ཡོད་པ་དང༌། ཉིན་ཧྲིལ་པོར་ལེ་ཚན་སྒྲིག་བཟོ་བྱེད་ཚད་དུས་ཡུན་སྐར་མ་༨༥ཟིན་པ་དང་ཉིན་རེར་རླུང་འཕྲིན་གཏོང་ཡུན་སྐར་མ་༡༢༥ཟིན་གྱི་ཡོད་པ་རེད།
༢.ཆེད་སྒྲིག་པུར་མི་གྲངས་བརྒྱད་ཡོད་པ་ཚང་མས་ལེ་ཚན་བཅར་འདྲི་དང་རྩོམ་སྒྲིག སྙན་སྒྲོན་དང་གཙོ་སྐྱོང༌། ཡིག་བསྒྱུར་བཅས་ཀྱི་ལས་འགན་འཁུར་ཡོད།ཞིང་འབྲོག་གླེང་སྟེགསལེ་ཚན་ལ་དུས་ཡུན་སྐར་མ་༣༠ཡོད་པ་དང༌། འཕྲོད་བསྟེན་དང་བདེ་ཐང་ལེ་ཚན་ལ་དུས་ཡུན་སྐར་མ་༢༥ཡོད་པ།སྐལ་བཟང་མེ་ཏོགལེ་ཚན་ལ་དུས་ཡུན་སྐར་མ་༢༠ཡོད་པ། ཉིན་ཧྲིལ་པོར་ལེ་ཚན་སྒྲིག་བཟོ་བྱེད་ཚད་དུས་ཡུན་སྐར་མ་༧༥ཟིན་པ་དང༌། ཉིན་རེའི་ལེ་ཚན་གཏོང་ཡུན་སྐར་མ་༢༠༥ཟིན་གྱི་ཡོད།
༣.ཕྱི་ཕྱོགས་པུར་མི་གྲངས་༡༧ཡོད་པ། ཉིན་ཧྲིལ་པོར་ལེ་ཚན་སྒྲིག་བཟོ་བྱེད་ཚད་དུས་ཡུན་སྐར་མ་༩༠ཟིན་པ་དང་དེའི་ནང་བོད་སྐད་ལེ་ཚན་གྱི་དུས་ཡུན་སྐར་མ་༦༠དང་དབྱིན་སྐད་ལེ་ཚན་གྱི་དུས་ཡུན་སྐར་མ་༣༠ཡིན། ཉིན་རེར་ལེ་ཚན་གཏོང་ཡུན་སྐར་མ་༡༨༠ཟིན་གྱི་ཡོད། བོད་སྐད་ལེ་ཚན་གཉེར་མཁན་མི་གྲངས་༡༠ཡོད་པ་དང་དབྱིན་སྐད་ལེ་ཚན་གཉེར་མཁན་མི་གྲངས་༧ཡོད།
༤.རིག་རྩལ་པུར་མི་གྲངས་༧ཡོད།  རྩོམ་རིག་དང་སློབ་འཁྲིད་རིགས་ཀྱི་ལེ་ཚན་གཉིས་ཉིན་རེར་ལེ་ཚན་སྒྲིག་བཟོ་བྱེད་ཚད་དུས་ཡུན་སྐར་མ་༥༠ཟིན་པ་དང༌། ཉིན་རེའི་ལེ་ཚན་གཏོང་ཡུན་སྐར་མ་༨༠ཟིན་གྱི་ཡོད། རིག་རྩལ་ཕྱོགས་བསྡུས་ལེ་ཚན་ཁག་གསུམ་ཡོད་པ་ཉིན་རེར་ལེ་ཚན་སྒྲིག་བཟོ་བྱེད་ཚད་དུས་ཡུན་སྐར་མ་༢༠༥ཟིན་པ་དང་ཉིན་རེའི་ལེ་ཚན་གཏོང་ཡུན་སྐར་མ་༤༤༠ཟིན་པ།
༥.བརྡ་སྦྱོར། དུས་ཡུན་ཆུ་ཚོད་གསུམ་དང་སྐར་མ་ལྔ།
༦.ལེ་ཚན་བརྒྱུད་གཏོང་བྱེད་པའི་དུས་ཡུན་ཆུ་ཚོད་གཅིག
ཉིན་ཧྲིལ་པོའི་ལེ་ཚན་སྒྲིག་བཟོ་བྱེད་ཚད་དུས་ཡུན་ཆུ་ཚོད་༡༡དང་སྐར་མ་༣༥ཟིན་པ་དང༌། ཉིན་རེའི་ལེ་ཚན་གཏོང་ཡུན་ཆུ་ཚོད་༢༡དང་སྐར་མ་༡༥ཟིན་པ། ལེ་ཚན་བརྒྱུད་གཏོང་བྱེད་པའི་དུས་ཡུན་ཆུ་ཚོད་གཅིག་བཅས་ཡིན།
གཉིས་པ། ལེ་ཚན་གྱི་གོང་འཕེལ་སྐོར།
༡༩༩༩ལོར་བོད་སྐད་འཕྲིན་ལམ་གྱི་ཉིན་ཧྲིལ་པོར་ལེ་ཚན་གཏོང་ཡུན་ཆུ་ཚོད་༡༦ཟིན་པ་དང༌།  དེའི་ནང་ཉིན་རེའི་རང་གཉེར་ལེ་ཚན་གྱི་དུས་ཡུན་ཆུ་ཚོད་༤ཟིན་གྱི་ཡོད། ༢༠༠༩ལོར་ལེ་ཚན་ཁག་ལ་བསྒྱུར་བཅོས་བྱས་ནས་ཉིན་རེའི་ལེ་ཚན་གཏོང་ཡུན་ཆུ་ཚོད་༢༡དང་སྐར་མ་༡༥བར་རིང་དུ་བཏང་བ་དང་རང་གཉེར་ལེ་ཚན་དུས་ཡུན་ཆུ་ཚོད་༡༡དང་སྐར་མ་༣༥བར་མང་དུ་བཏང་ནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་བཏོན་པའི་ལྷ་སའི་སྐད་ཀྱི་རླུང་འཕྲིན་ལེ་ཚན་གཏོང་བའི་དུས་ཡུན་ཆུ་ཚོད་༡༡ཟིན་པ་བྱེད་དགོས་པའི་བླང་བྱ་ལེགས་སྒྲུབ་བྱུང་བ་རེད། ལེ་ཚན་བསྒྱུར་བཟོ་བྱས་རྗེས་བོད་སྐད་རླུང་འཕྲིན་ལེ་ཚན་དེ་གསར་འགྱུར་གཙོ་བོ་བྱེད་པ་དང་ཆེད་སྒྲིག་ལེ་ཚན་དང་རིག་རྩལ་ལེ་ཚན་གྱིས་གཞོགས་འདེགས་བྱེད་པའི་ལེ་ཚན་ཁག་༢༠ལྷག་ཙམ་ཡོད་པ་ཞིག་ལ་གྱུར་ཡོད།
བོད་སྐད་རླུང་འཕྲིན་འཕྲིན་ལམ་གྱིས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འདུན་དང་ལེ་ཚན་གསན་པའི་གོམས་གཤིས་ལ་གཞིགས་ནས་རྒྱུན་ཆད་མེད་པར་ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ལེགས་བསྒྱུར་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ་མ་ཟད་ལེ་ཚན་གྱི་དམིགས་འབེན་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལ་དོ་སྣང་བྱས་ནས་ལེ་ཚན་ཁག་ཞིབ་བཟོ་ཞིབ་རྩོམ་བྱས་ཏེ་བོད་ལྗོངས་གསར་འགྱུར་མཉམ་བསྒྲགསདང༌། ཞིང་འབྲོག་རླུང་འཕྲིན་ལེ་ཚན》《ཀྲུང་གོའི་བོད་ལྗོངས》《སྙན་དབྱངས་ཕོ་ཉ》《སྐལ་བཟང་མེ་་ཏོགསོགས་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ཕྱི་རྒྱལ་ལ་བཞུགས་པའི་བོད་རིགས་སྤུན་ཟླ་སོགས་ཀྱིས་གསན་སྤྲོ་བའི་རླུང་འཕྲིན་ལེ་ཚན་མང་དག་ཞིག་གཏོང་གི་ཡོད། ལེ་ཚན་གཉེར་མཁན་ཚན་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་ལ་ཁ་ཕྱོགས་པ་དང༌། ཞིང་འབྲོག་ཁུལ་ལ་ཁ་ཕྱོགས་པ། ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང༌། ཞིང་གསུམ་གནད་དོན་ལ་གཞིགས་ནས་ལེ་ཚན་ཁག་གང་ལེགས་གཉེར་ཏེ་ཀྲུང་དབྱང་གིས་ཞིང་འབྲོག་ཁུལ་ལ་འཛིན་པའི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱ་རྒྱུ་དེ་ལེ་ཚན་གཉེར་བའི་ལས་དོན་ཨང་དང་པོར་བཞག་པ་རེད། དུས་སྐབས་མི་འདྲ་བའི་དྲིལ་བསྒྲགས་བླང་བྱར་གཞིགས་ནས་དུས་ཐོག་ཏུ་ལེ་ཚན་ཁག་གི་ནང་དོན་གསར་བརྗེ་བྱས་ཏེ་ལེ་ཚན་ཁག་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་བཞིན་ཡོད།

[1] [2] [3] [4]  下一页

 
 
 
 
 
གསུང་འཇོག་ས།
དེ་མིན།
ཁ་བྱང་།
ནང་དོན།
       
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail