中文  |   ENGLISH
 
 
 
  ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།
  བོད་སྐད་རླུང་འཕྲིན།
  རྒྱ་སྐད་རླུང་འཕྲིན།
  ཁམས་སྐད་རླུང་འཕྲིན།
  གྲོང་ཁྱེར་འཚོ་བའི་རླུང་འཕྲིན།
  ལག་རྩལ་ལྟེ་གནས།
  བརྡ་སྦྱོར་ལྟེ་གནས་དང་བོད་སྐད་བརྡ་སྦྱོར།
  བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར།
  བོད་ལྗོངས་རླུང་འཕྲིན། གསར་འགྱུར།
བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར།
བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་ནི་བོད་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་མི་དམངས་རླུང་འཕྲིན་ལས་ཁུངས་ཀྱིས་ཚབ་གཉེར་དོ་དམ་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་ཤུགས་རྐྱེན་ཆེ་ཙམ་ཡོད་པའིི་འཚོ་བའི་ཞབས་ཞུའི་རིགས་ཀྱི་གཟའ་ཁོར་རེིར་འདོན་ཐེངས་རེ་ཡོད་པའི་ཚགས་པར་གྱི་རིགས་ཤིག་ཡིན། སྤྱི་ལོ་༡༩༨༩ལོའི་ཟླ་བ་བརྒྱད་པའི་ཚེས་༢༥ཉིན་ནས་གཉེར་འགོ་བཙུགས་པ་དང་། སྐབས་དེ་དུས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཚགས་པར་ཞེས་འབོད་ཀྱི་ཡོད་ལ་ད་བར་མི་ལོ་ཉིས་ཤུར་ཉེ་བ་བརྒྱུད་ཡོད། སྤྱི་ལོ་༡༩༩༨ལོའི་ཟླ་བ་དང་པོ་ནས་བཟུང་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་ཞེས་སུ་མིང་བསྒྱུར། དེ་སྔའི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་གྱིས་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་འདོན་ཐེངས་དང་པོའི་མགོ་བརྗོད་མིང་བྱང་འབྲི་གནང་མཛད་ཡོད། སྤྱི་ལོ་༡༩༩༠ཟླ་བ་གཉིས་པའི་ཚེས་༢༥ཉིན་བོད་ཡིག་པར་མའི་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་འདོན་སྤེལ་བྱེད་འགོ་ཚུགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིག་མེད་ཀྱིས་བོད་ཡིག་ཚགས་པར་གྱི་མགོ་བརྗོད་མིང་བྱང་འབྲི་གནང་མཛད་ཡོད།།

བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་གྱིས་སྔ་ཕྱི་བར་གསུམ་དུ་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་འཚོ་བའི་དགོས་མཁོ་སྐོང་རོགས་ཐུབ་རྒྱུའི་དམིགས་ཡུལ་བློ་ལ་བརྟན་པོ་བཅངས་ཏེ་གསར་འགྱུར་དང་ཞབས་ཞུ། ཤེས་བྱ། སྤྲོ་སྣང་བཅས་གཞི་གཅིག་ཏུ་བསྡུས་པའི་ཚགས་པར་གཉེར་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བོད་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཉམས་འགྱུར་གཟབ་མོ་ལྡན་ཐུབ་པ་བྱས་རྐྱེན་རྒྱ་ཆེའི་ཀློག་པོ་ཚོའི་ཡིད་དབང་རབ་ཏུ་འཕྲོག་ཡོད། ཚགས་པར་ཐོག་མར་གཉེར་དུས་ཀྱི་ལྕགས་པར་རྒྱབ་པའི་སྟབས་བདེའི་པར་ངོས་བཞི་ཅན་གྱི་ཚགས་པར་ཆུང་གྲས་ཤིག་ནས་ད་ཆ་སྐུལ་འོད་པར་རྒྱག་གི་མཚོན་ཁྲ་ཅན་གྱི་ཚགས་པར་དུ་གྱུར་ཡོད་པ་མ་ཟད་འདོན་ཤུགས་ཆེ་དུས་པར་ངོས་ཉེར་བཞི་ཙམ་འདོན་གྱི་ཡོད། དེ་སྔ་ལོ་བཞི་བསྟུད་མར་ཚགས་པར་ཧྲིལ་པོ་མཚོན་ཁྲ་ཅན་དུ་པར་འདེབས་བྱས་པའི་ལོ་རྒྱུས་གཏོད་མྱོང་ཡོད་པ་དང་། བོད་ལྗོངས་ཀྱི་རྒྱ་ཆེའི་ཀློག་པ་པོར་དགོས་ངེས་ཀྱི་ཆ་འཕྲིན་མང་དག་མཁོ་འདོན་བྱས་ཡོད་ལ་བོད་ལྗོངས་ཀྱི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བྱ་གཞག་གོང་འཕེལ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འཕུལ་ཡོད།།

 
 
 
 
 
གསུང་འཇོག་ས།
དེ་མིན།
ཁ་བྱང་།
ནང་དོན།
       
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail