བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལག་རྩལ་ལྟེ་གནས་ཀྱི་ཁོངས་སུ་སྒྲ་འཇུག་སྒྲིག་བཟོ་ཚན་པ་དང་། གཏོང་སྤེལ་ཚན་པ། སྤྱི་ཁྱབ་ཚོད་འཛིན་ཁང་། འགུལ་ཚད་ལེགས་སྒྲིག་འཕེན་གཏོང་བྱེད་གནས། སྒྲིག་ཆས་དང་དྲ་བ་ཉམས་བཟོ་ཚན་པ། ལག་རྩལ་དོ་དམ་གཞུང་ལས་ཁང་བཅས་ཚུད་ཡོད། ལྟེ་གནས་འདིའི་ཁོངས་སུ་ཁྱོན་དངོས་གཞིའི་ལས་བཟོ་པ་༤༤དང་གདན་ཞུས་བཟོ་པ་༢༥ཡོད། ལག་རྩལ་ལྟེ་གནས་འདིས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་དང་། རྒྱ་སྐད་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ། ཁམས་སྐད་འཕྲིན་ལམ། གྲོང་ཁྱེར་འཚོ་བའི་འཕྲིན་ལམ་བཅས་ཀྱི་རླུང་འཕྲིན་ལེ་ཚན་ཁག་སྒྲིག་བཟོ་དང་གཏོང་སྤེལ། རྒྱུད་སྤྲོད། འགུལ་ཚད་ལེགས་སྒྲིག་འཕེན་གཏོང་བཅས་ཀྱི་ལས་འགན་འཁུར་གྱི་ཡོད་ལ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་ཁག་བཞིའི་རླུང་འཕྲིན་ལེ་ཚན་འགུལ་ཚད་ལེགས་སྒྲིག་འཕེན་གཏོང་བྱེད་རྒྱུའི་འགན་ཡང་འཁུར་གྱི་ཡོད།།
བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཉིན་གང་ཆུ་ཚོད་༨༠.༠༨གཏོང་གི་ཡོད་པ་དང་། འགུལ་སྙོམས་རླུང་འཕྲིན་འཕྲིན་ལམ་ཁག་བདུན་གྱི་ལེ་ཚན་ཉིན་གང་འཕེན་གཏོང་བྱེད་ཚད་ཆུ་ཚོད་༡༣༨.༩༩༩ཟིན་གྱི་ཡོད།།
སྤྱི་ལོ་༢༠༠༡ལོར་ཤིན་བོད་ལས་གཞི་ལག་བསྟར་བྱས་པ་དེས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ལག་རྩལ་སྒྲིག་ཆས་ཁག་གྲངས་གཞི་ཅན་དང་དྲ་བ་ཅན། རང་འགུལ་ཅན་བཅས་སུ་ལེགས་འགྱུར་བྱུང་ནས་ལེ་ཚན་སྒྲིག་བཟོ་དང་གཏོང་སྤེལ། བང་སྒྲིག་བྱེད་རྒྱུ་སོགས་ཀྱི་ལས་དོན་དྲ་བ་ཅན་དང་རང་འགུལ་ཅན་དུ་གྱུར་ཡོད་པས་ལེ་ཚན་སྒྲིག་བཟོ་དང་གཏོང་སྤེལ་གྱི་སྤུས་ཚད་དང་ལས་ཆོད་གཉིས་ཀ་ཆེས་ཆེར་འཕར་ཡོད། ལེ་ཚན་ནང་གཏོང་རྒྱུའི་ནང་དོན་ཁག་བཅར་འདྲི་དང་རྩོམ་སྒྲིག ཡིག་བསྒྱུར་བཅས་བྱེད་སའི་ཡིག་རིགས་མ་ལག་དང་། གསར་འགྱུར་གཤམ་འབེབ་མ་ལག་བཙུགས་ཡོད་པས་གསར་འགོད་པ་དང་རྩོམ་སྒྲིག་པས་ཡིག་རིགས་མ་ལག་ནང་རྩོམ་འབྲི་དང་ཡིག་བསྒྱུར། རྩོམ་སྒྲིག ཞིབ་བཤེར་བཅས་བྱེད་ཀྱི་ཡོད་པས་དེང་རབས་ཅན་གྱི་གཞུང་ལས་བྱེད་སྟངས་ཡོངས་སུ་མངོན་འགྱུར་བྱུང་ཡོད། ལེ་ཚན་བཟོ་མཁན་ཚན་པ་ཁག་གི་གཞུང་ལས་ཁང་ནང་ཡོད་པའི་གློག་ཀླད་ཀྱི་གསར་འགྱུར་གཤམ་འབེབ་དྲ་བའི་ཆེད་སྐུད། ཕན་ཚུན་འབྲེལ་མཐུད་དྲ་བའི་ནང་བཅུག་ཡོད་པས་ལེ་ཚན་བཟོ་རྒྱུར་མཁོ་བའི་ཐོན་ཁུངས་ཕུན་སུམ་ཚོགས་སུ་ཕྱིོན་ཡོད་པ་མ་ཟད་བོད་ལྗོངས་རླུང་འཕྲིན་ལས་ཁུངས་དང་ལྷ་སའི་རླུང་འཕྲིན་རླབས་འབྲིང་ས་ཚུགས། རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ལེ་ཚན་རྒྱུད་གཏོང་ལྟེ་གནས་བཅས་དབར་རླུང་འཕྲིན་ལེ་ཚན་གྱི་འཕྲིོན་བརྡ་འཚི་སྐུད་རྒྱུད་ནས་ཕན་ཚུན་རྒྱུད་གཏོང་བྱེད་ཀྱི་ཡོད།།