སྤྱི་ལོ་༡༩༩༥ལོ་ནས་གཏོང་འགོ་ཚུགས་པའི་ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གྲོང་ཁྱེར་འཚོ་བའི་རླུང་འཕྲིན་ནི་གྲོང་ཁྱེར་གྱི་གྲོང་མི་གསན་མཁན་གཙོ་བོར་འཛིན་ཐོག་ཞབས་ཞུ་དང་ཤེས་བྱ། སྤྲོ་གསེང་བཅས་ཀྱི་ནང་དོན་ཤུགས་ཆེན་ཡོད་པའི་རླུང་འཕྲིན་འཕྲིན་ལམ་ཞིག་ཡིན། ཁོ་ཚོས་གྲོང་མིའི་སྙིང་ཉེ་བ་ཞིག་དང་གྲོང་མི་ཚོར་བློ་གཅིག་སེམས་གཅིག་གིས་ཞབས་ཞུ་བྱེད་རྒྱུའི་དམིགས་ཚད་ཁ་གསལ་བཏོན་ཡོད། གྲོང་ཁྱེར་འཚོ་བའི་འཕྲིན་ལམ་ནས་ཉིན་ལྟར་ལེ་ཚན་ཆུ་ཚོད་བཅུ་དགུའི་རིང་གཏོང་གི་ཡོད་པ་དང་། ཐད་གཏོང་ལེ་ཚན་དགུ་ཚུད་པའི་རང་གཉེར་ལེ་ཚན་ཁག་བཅུ་བཞི་ཡོད། དེ་དག་གི་ནང་དོན་ཆ་འཕྲིན་དང་རོལ་དབྱངས། གླུ་གཞས། འགྲིམ་འགྲུལ། ཡུལ་སྐོར། གནམ་གཤིས། འཛད་སྤྱོད། སྤྲོ་གསེང་སོགས་གྲོང་ཁྱེར་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད་པས་མང་ཚོགས་ཀྱི་འཚོ་བའི་ཕྱོགས་མང་པོའི་ཐད་ཀྱི་དགོས་མཁོ་སྐོངས་ཐུབ་ཀྱི་ཡོད། ལེ་ཚན་གཉེར་ཕྱོགས་ཐད་ས་གནས་ཀྱི་ཁྱད་ཆོས་ཐོན་པ་དང་། གྲོང་ཁྱེར་ལྷ་སའི་འཚོ་བའི་ཁྱད་ཆོས་གང་ལེགས་མངོན་ཐུབ་པ་བྱེད་ཀྱི་ཡོད།།
ཞིབ་ཕྲའི་ལེ་ཚན་ཁག་ནི་༼༩༨༠གསར་འགྱུར་ཐད་གཏོང་༽དང་།༼འཚོ་བའི་ཕྱོགས་ཀུན༽༼ཡུལ་སྐོར་གནས་མཆོག་ངོ་སྤྲོད༽༼འགྲིམ་འགྲུལ་འགྲོ་སྐྱོད༽༼བོད་ཀྱི་རོལ་དབྱངས༽༼སྤྲོ་སྣང་ལྷན་འཛོམས་དགའ་ཚལ༽༼སྙན་དབྱངས་རེ་སྐུལ་གར་སྟེགས༽༼བྲོ་ཞིམ་ཟས་རིགས་ངོ་སྤྲོད༽༼མི་ཚེའི་གཏམ་གླེང་ལེ་ཚན༽༼ལུས་ཁམས་བདེ་སྲུང་ཤེས་བྱ༽༼རླུང་འཕྲིན་ཟློས་གར༽༼ས་མཐོའི་ཞོགས་པ༽༼མཚན་མོའི་སྙན་འཇེབས་རོལ་དབྱངས༽༼སྙན་དབྱངས་སྐྱར་འཇུག༽༼ནོར་བུམ༽༼དགའ་སྐྱིད་ལྡུམ་རྭ༽༼གུང་གསེང་རོལ་དབྱངས་གར་སྟེགས༽བཅས་ཡིན།།
འབོད་བརྡ་ནི། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གྲོང་ཁྱེར་འཚོ་བའི་རླུང་འཕྲིན།
ཉིན་གང་སྤྱོད་པའི་འགུལ་ཚད་ནི། འགུལ་སྙོམས་FM༩༨.༠ཡིན།
འཕྲིན་ལམ་ཁྱབ་ཁུལ་ནི། ལྷ་ས་གྲོང་ཁྱེར་དུ་ཡིན།
ལེ་ཚན་གཏོང་བའི་སྐད་ནི། རྒྱ་སྐད་སྤྱི་སྐད་ཡིན།
འཕྲིན་ལམ་གྱི་ལས་དོན་པ། དངོས་གཞིའི་ལས་བཟོ་༡༤དང་། གདན་ཞུའི་བཟོ་པ་༥ཡོད།
འཕྲིན་ལམ་གྱི་སྤྱི་ཁྱབ་བལྟ་ཞིབ་པ། ཏུང་ལིས།
འཕྲིན་ལམ་གྱི་སྤྱི་ཁྱབ་བལྟ་ཞིབ་པ་གཞོན་པ། ཀྲུའུ་ཧུང་དབྱིང་། ཟླ་བ།