ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཁམས་སྐད་རླུང་འཕྲིན་འདི་བཞིན་སྤྱི་ལོ༢༠༠༡ལོའི་ཟླ་བ༡༠པའི་ཚེས༡ཉིན་དངོས་སུ་གཏོང་འགོ་ཚུགས་པ་དང་ཆབས་ཅིག་སྲུང་སྐར་ཐོག་ནས་བརྒྱུད་གཏོང་བྱས། སྐབས་དེ་དུས་ཁམས་སྐད་རླུང་འཕྲིན་རང་ངོས་ནས་བཟོས་པའི་ལེ་ཚན་བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ལེ་ཚན་ཆུ་ཚོད་ཕྱེད་ཀ་དང་། ཆེད་སྒྲིག་ལེ་ཚན་དེང་གི་བོད་ལྗོངས་ཞེས་པ་ཆུ་ཚོད་ཕྱེད་ཀ རིག་རྩལ་ལེ་ཚན་གསེར་གྱི་བྲོ་ར་ཞེས་པ་ཆུ་ཚོད་གཅིག་བཅས་ལས་མེད་པ་དང་། དེ་མིན་གྱི་ལེ་ཚན་ཁག་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་དང་བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་ལེ་ཚན་བརྒྱུད་གཏོང་བྱས།
ཁམས་སྐད་རླུང་འཕྲིན་འདི་གཏོང་འགོ་བཙུགས་པ་ནས་བཟུང་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་བོའི་དམིགས་དོན་དུ་བཟུང་ནས་ཞིང་འབྲོག་མང་ཚོགས་ལ་རང་རེའི་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་། ལྷག་པར་དུ་དམངས་ཕན་སྲིད་ཇུས་དང་ཞིང་འབྲོག་ལས་སོགས་ཀྱི་ཚན་རྩལ་ཤེས་བྱ་སོགས་མདོར་ན་ཤེས་དཔལ་རིག་གསུམ་གྱིས་གཙོ་བོ་བྱས་པའི་རིགས་ཚན་ཁག་མི་ཚང་བ་མེད་པར་ངོ་སྤྲོད་ཞུ་བགྱི་ཡོད་པས་རྒྱ་ཆེའི་ཁམས་ཁུལ་གྱི་རླུང་འཕྲིན་གསན་པ་པོ་མང་པོའི་དགེ་མཆོག་གྲོགས་བཟང་ཞིག་ཏུ་གྱུར་ནས་ཁོང་ཚོའི་དགོས་མཁོ་བསྐོངས་དང་སྐོང་མུས་སུ་མཆིས།
ད་ལྟ་ཁམས་སྐད་རླུང་འཕྲིན་འདི་ལྷ་སར FM༡༠༣ ཐོག་ནས་གསན་བཞེས་ཐུབ་པ་དང་དེ་བཞིན་རླབས་འབྲིང་ཝ་སྟོང་ཚན ༥༩༤ ཐོག་ནས་བོད་ཀྱི་ཆབ་མདོ་ས་ཁུལ་གྱིས་གཙོ་བོ་བྱས་པའི་དེའི་མཐའ་སྐོར་གྱི་ཁྱིམ་མཚེས་ཞིང་ཆེན་གྱི་ས་ཆ་ཁག་གཅིག་ལ་ཡང་གསན་བཞེས་ཐུབ་ཀྱི་ཡོད།
ང་ཚོའི་ལེ་ཚན་འདི་ཉིན་ལྟར་ཞོགས་པ་ཆུ་ཚོད་དྲུག་པའི་ཐོག་གཏོང་འགོ་བཙུགས་ཏེ་དགོང་མོ་ཆུ་ཚོད་བཅུ་གཉིས་ཐོག་ཉིན་གང་གི་རླུང་འཕྲིན་གཏོང་མཚམས་འཇོག་གི་ཡོད། ཉིན་གང་གི་རླུང་འཕྲིན་གཏོང་ཡུན་ཆུ་ཚོད་བཅོ་བརྒྱད་ཏག་ཏག་ཡིན། ད་ལྟ་ང་ཚོ་ཁམས་སྐད་རླུང་འཕྲིན་ལ་གསར་འགྱུར་ཚོ་ཆུང་དང་། ཆེད་སྒྲིག་ཚོ་ཆུང་། རིག་རྩལ་ཚོ་ཆུང་། གླིང་སྒྲུང་ཚོ་ཆུང་བཅས་ཆེད་དོན་ཚོ་ཆུང་ཁག་བཞི་ཡོད་པ་དང་ལས་དོན་མི་སྣ་ཁྱོན་བསྡོམས་ཉིས་ཤུ་རྩ་གཉིས་ཡོད།
ལེ་ཚན་གྱི་ངོས་ནས་བརྗོད་ན།
གསར་འགྱུར་ལེ་ཚན་ནང་། བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ཞེས་དུས་ཚོད་སྐར་མ་སུམ་བཅུའི་གསར་འགྱུར་ཉིན་རེར་ཐེངས་གསུམ་གཏོང་གི་ཡོད། དེ་མིན་བསྡུས་གསལ་གསར་འགྱུར་ཞེས་དུས་ཚོད་སྐར་མ་ལྔ་ཞིག་བཟོས་ནས་ཉིན་རེར་ཐེངས་ལྔ་རེ་བརྗེས་རེས་བྱས་ནས་གཏོང་གི་ཡོད། ད་དུང་ལེ་ཚན་སྔོན་བརྡ་དང་གནམ་གཤིས་སྔོན་བརྡའི་ལེ་ཚན་ཡང་ཡོད།
ཆེད་སྒྲིག་ལེ་ཚན་ནང་། དེང་གི་བོད་ལྗོངས་དང་། ཚན་སློབ་དགའ་ཚལ། དེ་རིང་གི་དོན་གནད། ལུས་ཁམས་བདེ་སྲུང་། བྱིས་པའི་ལམ་ཡིག བུད་མེད་ཀྱི་ལམ་སྒྲོན། དགའ་ཆབ་མདོ་བཅས་ལེ་ཚན་ཁག་བདུན།
རིག་རྩལ་ལེ་ཚན་ནང་། གསེར་གྱི་བྲོ་ར་དང་། གངས་ལྗོངས་སྒྱུ་རྩལ་དོ་ར། ཉི་གཞོན་བསུ་བའི་རོལ་དབྱངས། རོལ་དབྱངས་ཀྱི་ཞིང་ཁམས། ཟླ་འོད་འོག་གི་སྙན་དབྱངས། རྩོམ་རིག་ལུ་གུའི་རྩེད་ཐང་བཅས་ལེ་ཚན་ཁག་དྲུག་བཅས་ཡོད་པ་རེད།
གླིང་སྒྲུང་ལེ་ཚན་ནང་། གླིང་སྒྲུང་དང་གླིང་སྒྲུང་ཀུན་གླེང་ཞེས་ལེ་ཚན་ཁག་གཉིས་ཡོད།
ལེ་ཚན་གཏོང་བའི་སྐད་ནི། ཁམས་སྐད་ཡིན།
འཕྲིན་ལམ་གྱི་སྤྱི་ཁྱབ་བལྟ་ཞིབ་པ། རྒྱ་མཚོ་ཕུན་ཚོགས།
འཕྲིན་ལམ་གྱི་སྤྱི་ཁྱབ་བལྟ་ཞིབ་པ་གཞོན་པ། ཚེ་རིང་དབྱངས་འཛོམས་དང་ཚེ་དབང་དཔལ་གྲགས།
ཁམས་སྐད་རླུང་འཕྲིན་གྱི་ལེ་ཚན་ཁག་ངོ་སྤྲོད།
༡. ལེ་ཚན་གྱི་མིང་། བོད་ལྗོངས་གསར་འགྱུར་མཉམ་བསྒྲགས།
བརྗོད་བྱ། ལྗོངས་ཡོངས་སུ་ཐོན་དང་ཐོན་བཞིན་པའི་གསར་འགྱུར་རྣམས་ཅུང་ཞིབ་ཚགས་པའི་ངང་དུས་ཐོག་ཏུ་རྒྱ་ཆེའི་གསན་པ་པོར་དྲིལ་བསྒྲགས་བྱེད་ཀྱི་ཡོད།
དུས་ཚོད། བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་སྐར་མ་སུམ་བཅུ། བསྡུས་གསལ་གསར་འགྱུར་སྐར་མ་ལྔ།
རྩོམ་སྒྲིག ཚེ་རིང་དབྱངས་འཛོམས་དང་བདེ་ཆེན། ཨ་ཤེས་རབ།
ཡིག་སྒྱུར། བསོད་ནམས་ཟླ་བ་དང་། པ་སངས། བསམ་གཏན། ཟླ་བ་མཚོ་མོ། ཟླ་སྒྲོན། ཕུར་བུ།
ཞུ་དག བློ་དགའ་དང་ཟླ་བ་བུ་ཁྲིད།
སྙན་སྒྲོན། རྡོ་རྗེ་གཡང་འཛོམས་དང་ཤེས་རབ་རྣམ་རྒྱལ། ཁྱུང་གྲགས། རྒྱ་མ་ལྷ་མོ།
༢. ལེ་ཚན་གྱི་མིང་། བསྡུས་གསལ་གསར་འགྱུར།
བརྗོད་བྱ། ལྗོངས་ཡོངས་སུ་ཐོན་དང་ཐོན་བཞིན་པའི་གསར་འགྱུར་དང་། དེ་བཞིན་རྒྱལ་སྤྱི་རྒྱལ་ནང་དུ་ཐོན་པའི་གསར་འགྱུར་རྣམས་གོ་བདེ་བསྡུས་གསལ་ངང་དུས་ཐོག་ཏུ་རྒྱ་ཆེའི་གསན་པ་པོར་དྲིལ་བསྒྲགས་བྱེད་ཀྱི་ཡོད།
དུས་ཚོད། བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་སྐར་མ་སུམ་བཅུ། བསྡུས་གསལ་གསར་འགྱུར་སྐར་མ་ལྔ།
རྩོམ་སྒྲིག ཚེ་རིང་དབྱངས་འཛོམས་དང་བདེ་ཆེན། ཨ་ཤེས་རབ།
ཡིག་སྒྱུར། བསོད་ནམས་ཟླ་བ་དང་། པ་སངས། བསམ་གཏན། ཟླ་བ་མཚོ་མོ། ཟླ་སྒྲོན། ཕུར་བུ།
ཞུ་དག བློ་དགའ་དང་ཟླ་བ་བུ་ཁྲིད།
སྙན་སྒྲོན། རྡོ་རྗེ་གཡང་འཛོམས་དང་ཤེས་རབ་རྣམ་རྒྱལ། ཁྱུང་གྲགས། རྒྱ་མ་ལྷ་མོ།
༣. ལེ་ཚན་གྱི་མིང་། གླིང་སྒྲུང་།
བརྗོད་བྱ། ལེ་ཚན་གཙོ་སྐྱོང་བའི་གཅིག་སྣ་གཅིག་འདྲེན་གྱི་མཚམས་སྦྱོར་འོག་ཕོ་མོ་མཉམ་སྡེབ་ཀྱི