ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རྒྱ་སྐད་རླུང་འཕྲིན་ནི་སྤྱི་ལོ་༢༠༠༣ལོར་བཙུགས་པ་དང་། ཉིན་གང་གི་རླུང་འཕྲིན་གཏོང་ཚད་ཆུ་ཚོད་༢༢ཟིན་གྱི་ཡོད། འཕྲིན་ལམ་ཧྲིལ་པོའི་ལེ་ཚན་གྱི་ནང་དོན་ནི་གསར་འགྱུར་རིགས་ཀྱི་ལེ་ཚན་གཙོ་བོར་བྱེད་པ་དང་། སྤྲོ་གསེང་རིགས་ཀྱི་ལེ་ཚན་མཉམ་དུ་ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་འཕྲིན་ལམ་ཞིག་ཡིན། སྣ་མང་ཕུན་སུམ་ཚོགས་པའི་གསར་འགྱུར་ལེ་ཚན་ཁག་ནང་གསར་འགྱུར་སྣ་ཚོགས་དང་། ནོར་དཔལ་དང་ལུས་རྩལ་ཐད་ཀྱི་ཡང་དག་ཆ་འཕྲིན། རིགས་ཁག་གི་ཞབས་ཞུའི་ཆ་འཕྲིན་དང་གནམ་གཤིས་སྔོན་བརྡ། ཉེན་ཟོན་སྔོན་བརྡ་སོགས་དུས་ཐོག་ཏུ་གཏོང་གི་ཡོད་པ་ཕུད། རོལ་དབྱངས་སོགས་སྤྲོ་གསེང་རིགས་ཀྱི་ནང་དོན་དང་། སྤྱི་ཚོགས་སློབ་གསོའི་ནུས་པ་ལྡན་པའི་རིག་གནས་ཤེས་བྱའི་ལེ་ཚན་སོགས་གཏོང་གི་ཡོད།
རྒྱ་སྐད་རླུང་འཕྲིན་གཏོང་འགོ་ཚུགས་པ་ནས་བཟུང་གསར་འགྱུར་གཙོ་བོར་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་ནས་རླུང་འཕྲིན་གྱི་ལེ་ཚན་རྩེ་གྲ་གཏོད་གང་ཐུབ་བྱེད་ཀྱི་ཡོད། སྤྱི་ལོ་༢༠༠༨ལོར་ལེ་ཚན་བཟོ་བཅོས་རྒྱབ་རྗེས་རྒྱ་སྐད་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་གྱིས་སྔ་དྲོ་དང་ཉིན་གུང་། དགོང་མོ་བཅས་ཀྱི་ལེ་ཚན་ཆེ་ཁག་གསུམ་བཏོན་ཏེ་ཆ་ཕྲིན་བརྒྱུད་སྤྲོད་དང་། མང་ཚོགས་ལ་ཞབས་འདེགས། གླུ་གར་རོལ་དབྱངས་བཅས་བརྗོད་གཞི་ཆེ་ཁག་གསུམ་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། རྒྱ་སྐད་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་གྱི་ད་ཡོད་ལེ་ཚན་ཁག་གསར་འགྱུར་དང་ཆེད་དོན། ཕྱོགས་བསྡུས་རིག་རྩལ་བཅས་རིགས་ཆེ་བ་གསུམ་དུ་དབྱེ་ཡོད། གསར་འགྱུར་རིགས་ཀྱི་ལེ་ཚན་ནང་བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་དང་གསར་འགྱུར་མྱུར་སྤེལ། ནོར་དཔལ་ལུས་རྩལ་ཆ་འཕྲིན་སོགས་གསར་འགྱུར་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་རྒྱུ་གཙོ་བོར་བྱས་པའི་ལེ་ཚན་དང་། ཆེད་དོན་རིགས་ཀྱི་ལེ་ཚན་ནང་མེ་སེར་དཀྱུས་མའི་འཚོ་བ་(སྤྱི་ཟླ་ལྔ་པའི་ཚེས་༡ཉིན་ནས་ཞོགས་པའི་གསར་འགྱུར་དུ་འགྱུར་རྒྱུ།)དང་ཡིད་དབང་འཕྲོག་པའི་བོད་ལྗོངས་སོགས་ཚུད་ཡོད། ཕྱོགས་བསྡུས་རིག་རྩལ་རིགས་ཀྱི་ལེ་ཚན་ནང་གླུ་གར་རོལ་དབྱངས་དང་རྩོམ་རིག་སོགས་ཚུད་པའི་སྤྲོ་གསེང་ཡིད་ཀྱི་དགའ་ཚལ་དང་བར་སྣང་མཛའ་འབྲེལ་ཟམ་པ། མཚན་མོའི་འཛོམས་དུས་སོགས་ཚུད་ཡོད། ད་ཆ་རྒྱ་སྐད་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་འདི་ཉིད་གསར་འགྱུར་གཙོ་བོར་བྱེད་པ་དང་། ཁག་སོ་སོར་གཙོ་གནད་ཡོད་ལ་ཕན་ཚུན་འབྲེལ་མཐུད་ལྡན་པའི་སྤྱི་ཡོངས་ཀྱི་ཞབས་ཞུའི་མ་ལག་ཅིག་གྲུབ་ཡོད།།
རྒྱ་སྐད་རླུང་འཕྲིན་ནས་གཏོང་བའི་ལེ་ཚན་གཙོ་བོའི་གྲས་སུ་༼བོད་ལྗོངས་གསར་འགྱུར་མཉམ་བསྒྲགས༽དང་།༼གསར་འགྱུར་མྱུར་སྤེལ༽༼གསར་འགྱུར་དབྱེ་ཞིབ༽༼ཁྲིམས་ལུགས་ཀུན་བཏུས༽༼རྒྱལ་སྲུང་ལེ་ཚན༽༼བྱིས་པའི་དགའ་ཚལ༽༼ཞོགས་པའི་གསར་འགྱུར༽༼ཡིད་དབང་འཕྲོག་པའི་གངས་ལྗོངས༽༼སྤྲོ་གསེང་རྭ་བ༽༼སྙན་དབྱངས་ནོར་བུའི་བང་མཛོད༽༼བར་སྣང་མཛའ་འབྲེལ་ཟམ་པ༽༼མཚན་མོའི་འཛོམས་དུས༽སོགས་ཡོད།།
འབོད་བརྡ་ནི། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རྒྱ་སྐད་རླུང་འཕྲིན།
ཉིན་གང་སྤྱོད་པའི་འགུལ་ཚད་ནི། རླབས་འབྲིང་ཧོ་སྟོང་ཚན་༩༩༩དང་༡༣༧༧ འགུལ་སྙོམས་ཀྲའོ་ཧོ་༩༣.༣ རླབས་ཐུང་ཧོ་སྟོང་ཚན་༤༢༨༠དང་༥༩༥༣ ༦༠༥༠ ༧༡༧༠ ༡༡༨༦༠ ༡༡༩༥༠ ༡༥༢༨༥བཅས་ཡིན།
ལེ་ཚན་གཏོང་བའི་སྐད་ནི། རྒྱ་སྐད་སྤྱི་སྐད་ཡིན།
འཕྲིན་ལམ་གྱི་ལས་དོན་པ། དངོས་གཞིའི་ལས་བཟོ་༣༡དང་། གདན་ཞུའི་བཟོ་པ་༣
འཕྲིན་ལམ་གྱི་སྤྱི་ཁྱབ་བལྟ་ཞིབ་པ། ཧའུ་ཞའོ་གཡན།
འཕྲིན་ལམ་གྱི་སྤྱི་ཁྱབ་བལྟ་ཞིབ་པ་གཞོན་པ། ཧོང་ཅིན་ཧྥའ། འཇའ་ལིས་ཅོན།