གསུམ་པ། ཐོབ་པའི་གྲུབ་འབྲས་སྐོར།
ལོ་མང་འབད་བརྩོན་བྱས་པ་བརྒྱུད་བོད་སྐད་རླུང་འཕྲིན་ལེ་ཚན་འདི་བོད་ལྗོངས་སུ་རྩ་བ་ཚུགས་པ་དང་མྱུ་གུ་འབུད་པ་མ་ཟད་མིག་སྔར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཡིད་རྟོན་ཆོག་པའི་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར་ནས་གསན་པ་པོ་རྣམས་ཀྱིས་འདེང་འཇོག་བཟང་པོ་ཐོབ་ཡོད་ལ་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོའི་འདེང་འཇོག་ཀྱང་ཐོབ་ཡོད། ཉེ་བའི་ལོ་ཤས་ནང་གི་གྲུབ་འབྲས་སྐོར་གླེང་ན། ༢༠༠༣ལོར་བོད་སྐད་རླུང་འཕྲིན་ལེ་ཚན་ལ་སྔ་རྗེས་སུ་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་“སྔོན་ཐོན་དྲིལ་བསྒྲགས་ཚན་པ་”ཞེས་པའི་མཚན་སྙན་སྤྲད་པ་དང༌། རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུད་ཀྱིས་“རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་”དྲིལ་བསྒྲགས་སྔོན་ཐོན་མཉམ་སྡེབས་ཞེས་པའི་མཚན་སྙན་སྤྲད་པ། ༢༠༠༨ལོར་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་གཙོ་གཉེར་བྱས་པའི་《ཀྲུང་གོའི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན》དུས་དེབ་ཀྱིས་ཇུས་འགོད་ལག་བསྟར་བྱས་་པའི་༢༠༠༨ལོའི་རྒྱལ་ཡོངས་རླུང་འཕྲིན་འཕྲིན་ལམ་ཕྱོགས་བསྡུས་དངོས་ཤུགས་དཔྱད་ཞིབ་བྱེད་སྒོ་ཆེ་གྲས་ཁྲོད་“ཀྲུང་གོའི་རླུང་འཕྲིན་གྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་འཕྲིན་ལམ་”ཞེས་པའི་མཚན་སྙན་ཐོབ་ནས་ཉེ་བའི་ལོ་ཤས་རིང་བོད་སྐད་རླུང་འཕྲིན་གྱི་གོང་འཕེལ་བྱུང་བའི་གྲུབ་འབྲས་ལ་དོན་དངོས་དང་མཐུན་པའི་འདེང་འཇོག་དང་དབང་གྲགས་ལྡན་པའི་ཁས་ལེན་ཐོབ་པ་མངོན་ཡོད། 《སྐལ་བཟང་མེ་ཏོག》ཞེས་པའི་ལེ་ཚན་ལ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང༌། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང༌། རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་བཅས་ཀྱིས་མཉམ་འབྲེལ་ཐོག་༢༠༠༥--༢༠༠༦ལོ་བར་གྱི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གི་“ལོ་ཆུང་གཞོན་ནུའི་ཁེ་དབང་སྲུང་སྐྱོང་ཚན་པ་”ཞེས་པའི་མཚན་སྙན་སྤྲད་པ་རེད། 《སྐལ་བཟང་མེ་ཏོག》ལེ་ཚན་གྱི་རྩོམ་སྒྲིག་པ་མིག་ཆུང་ལ་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་མང་པོ་ཞིག་གིས་གཅིག་གྱུར་ཐོག་སྤྲད་པའི་“ཡིན་ཤིན་བྱ་དགའ་”ཞེས་པ་ཐོབ་པ་དང༌། 《ཞིང་འབྲོག་གླེང་སྟེགས》ཞེས་པའི་ལེ་ཚན་ལ་ཀྲུང་གོའི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་མཐུན་ཚོགས་ཀྱིས་《ཆེད་སྒྲིག་ལེ་ཚན་རིགས་ཀྱི་བྱ་དགའ་རིམ་པ་གསུམ་པ》སྤྲད་པ། ༢༠༠༨ལོར་མཚོ་ནུབ་ཁུལ་དུ་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་བོད་སྐད་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་དཔྱད་ཞིབ་ཚོགས་འདུ་ཐེངས་༢༤ཐོག་《སྙན་དབྱངས་ཕོ་ཉ》ཞེས་པའི་ལེ་ཚན་དང་རྩོམ་རིག་ཆེད་སྒྲིག་ལེ་ཚན་《བོད་བྱང་ཐང་གི་ཉམས་འགྱུར》ཞེས་པ། རླུང་འཕྲིན་འཁྲབ་གཞུང་《འོད་ཟེར་གྱི་ལམ》ཞེས་པ་སོགས་རླུང་འཕྲིན་བརྩམས་ཆོས་ཁག་༡༣ལ་རིགས་ཁག་གི་བྱ་དགའ་ཐོབ་པ་རེད། བོད་སྐད་རླུང་འཕྲིན་ལེ་ཚན་གྱིས་རྒྱལ་ ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་ལ་འཕུལ་བའི་ལེགས་སྐྱེས་ལ་གཟེངས་བསྟོད་བྱེད་ཆེད་《འཕྲོད་བསྟེན་དང་བདེ་ཐང་》ཞེས་པའི་ལེ་ཚན་གྱི་རྩོམ་སྒྲིག་པ་ཉི་མ་ཚེ་རིང་ལ་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་དྲིལ་བསྒྲགས་སྔོན་ཐོན་མི་སྒེར་གྱི་མཚན་སྙན་སྤྲད་པ། གསར་འགོད་པ་ཕུར་བུས་རྩོམ་འབྲི་བྱས་པའི་ཡིག་བསྒྱུར་དཔྱད་རྩོམ་《རྒྱ་བོད་ཡིག་བསྒྱུར་གནད་དོན་སྐོར་རགས་ཙམ་གླེང་བ》ཞེས་པར་ཀྲུང་གོའི་ཡིག་བསྒྱུར་མཐུན་ཚོགས་མི་རིགས་སྐད་ཡིག་ཡིག་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ཡིག་བསྒྱུར་རིག་གཞུང་ཞིབ་བསྡུར་ཚོགས་འདུ་ཐེངས་༡༢པའི་དཔྱད་རྩོམ་དཔྱད་འདེམས་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
ལེ་ཚན་གཏོང་བའི་འཕྲིན་ལམ།
རླབས་འབྲིང༌། ཧོའོ་སྟོང་ཚན་ ༨༤༦ ༥༩༤
རླབས་ཐུང༌། ཧོའོ་སྟོང་ཚན་༤༩༠༥ ༧༣༨༥ ༤༩༢༠ ༥༢༤༠ ༦༡༡༠ ༦༡༣༠ ༦༢༠༠ ༩༥༨༠ ༧༡༢༥ ༩༤༩༠
འགུལ་ཚད་ལེགས་སྒྲིག་འཕྲིན་ལམ། ཀྲའོ་ཧོའོ་༡༠༡༦(ལྷ་ས་གྲོང་ཁུལ་ལ་ཁྱབ་པ་)
གསར་འགྱུར་འབྲེལ་གཏུགས་ཁ་པར་ཨང་གྲངས། ༠༨༩༡--༦༨༡༩༥༤༦ ༦༨༡༩༥༤༩
འཕྲིན་ལམ་འབྲེལ་གཏུགས་ཁ་པར་ཨང་གྲངས། ༠༨༩༡--༦༨༡༩༥༤༧
ལེ་ཚན་གཏོང་བའི་སྐད་ནི། ལྷ་སའི་སྤྱི་སྐད་ཡིན།
འཕྲིན་ལམ་གྱི་ལས་དོན་པ། དངོས་གཞིའི་ལས་བཟོ་༤༩དང་། གདན་ཞུའི་བཟོ་པ་༡
འཕྲིན་ལམ་གྱི་སྤྱི་ཁྱབ་བལྟ་ཞིབ་པ། སྤེན་པ་ཚེ་རིང་།
འཕྲིན་ལམ་གྱི་སྤྱི་ཁྱབ་བལྟ་ཞིབ་པ་གཞོན་པ། ཟླ་ཆུང་། ཟླ་བ་བུ་འཁྲིད། པ་སངས་ཚེ་རིང་། མིག་དམར་དབྱངས་ཅན།
བོད་སྐད་རླུང་འཕྲིན་གྱི་ལེ་ཚན་ཁག་ངོ་སྤྲོད།
༼ བོད་ལྗོངས་གསར་འགྱུར་མཉམ་བསྒྲགས༽ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཁག་དུས་ཐོག་ཏུ་ཆད་ལུས་མེད་པ་དང་ཟོལ་མེད་དྲིལ་བསྒྲགས་བྱེད་པ་མ་ཟད་རང་ལྗོངས་ཀྱི་བྱ་གཞག་ཁག་ཡར་ངོའི་ཟླ་བཞིན་འཕེལ་བའི་གནས་ཚུལ་སོགས་གཏོང་སྤེལ་བྱེད་བཞིན་ཡོད།
༼ སྐར་མ་ལྔའི་གསར་འགྱུར༽ ཐད་གཏོང་གི་རྣམ་པའི་ཐོག་ནས་རྒྱལ་སྤྱི་རྒྱལ་ནང་དང་རང་ལྗོངས་ཀྱི་ཐོན་བཞིན་པ་དང་ཐོན་མ་ཐག་པའི་གསར་འགྱུར་གལ་ཆེ་རྣམས་དུས་ཐོག་ཏུ་རྒྱ་ཆེའི་གསན་མཁན་ལྷན་རྒྱས་ཀྱི་སྙན་ལམ་དུ་འབུལ་གྱི་ཡོད། ༼ཉིན་རེའི་གལ་ཆེའི་གསར་འགྱུར༽ཉིན་གང་གི་རྒྱལ་སྤྱི་རྒྱལ་ནང་དང་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་གལ་ཆེ་རིགས་སླར་ཡང་ལེ་ཚན་འདིའི་ནང་བཀོད་སྒྲིག་ཞུས་ནས་དུས་ཐོག་ཏུ་གསར་འགྱུར་གསན་ཁོམས་མ་བྱུང་བའི་གསན་པ་པོས་ལེ་ཚན་འདི་གསན་པའི་རྗེས་དེ་ཉིན་གྱི་གསར་འགྱུར་གལ་ཆེ་རིགས་མཁྱེམ་རྟོགས་ཐུབ་རྒྱུ་རེད།
༼ ལེ་ཚན་སྔོན་བརྡ་དང་གནམ་གཤིས་སྔོན་བརྡ༽ ལེ་ཚན་འདི་ནི་ཞབས་ཞུའི་ལེ་ཚན་ཞིག་ཡིན། གསན་པ་པོས་ལེ་ཚན་འདི་གསན་རྗེས་འདི་ག་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་སྔོན་ནས་མཁྱེན་རྟོགས་ཐུབ་ནས་ལེ་ཚན་གསན་རྒྱུར་ཕན་ཐོགས་ཡོད་པ་དང་གནམ་གཤིས་གནས་ཚུལ་སོགས་མཁྱེན་རྟོགས་ཐུབ་ཀྱི་ཡོད་པས་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱ་རྒྱུར་ཕན་ཐོགས་ཆེའོ།
ཞིང་འབྲོག་རླུང་འཕྲིན་ལེ་ཚན་ནང་གི་༼འཕྲོད་བསྟེན་དང་བདེ་ཐང་༽ཞེས་པའི་ཐད་གཏོང་ལེ་ཚན་འདི་རེས་གཟའ་ཟླ་བར་ཐད་གཏོང་བྱེད་ཀྱི་ཡོད་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་རྒྱུན་ཤེས་དང་རང་ལྗོངས་ཀྱི་འཕྲོད་བསྟེན་དང་ཁོར་ཡུག་ཁོངས་གཏོགས་ཀྱི་འབྲེལ་ཡོད་གནས་ཚུལ་གཏོང་རྒྱུ།
ཞིང་འབྲོག་རླུང་འཕྲིན་ལེ་ཚན་ནང་གི་༼གོང་འཕེལ་འགྲོ་བཞིན་པའི་ཞིང་འབྲོག་ཁུལ་གསར་པ༽ཞེས་པའི་ལེ་ཚན་རེས་གཟའ་མི་དམར་ལ་བཀོད་སྒྲིག་ཞུས་ཏེ་དེའི་ནང་རང་ལྗོངས་ཀྱི་ཞིང་གྲོང་གསར་པའི་འཛུགས་སྐྲུན་དང་ཞིང་འབྲོག་ཁུལ་གྱི་བདེ་སྡོད་ལས་གྲའི་འཕེལ་ཕྱོགས། དེ་བཞིན་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་སྟངས་དང་རྒྱལ་ཕྱི་རྒྱལ་ནང་གི་འབྲེལ་ཡོད་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་གསར་ཤོས། ཏང་གི་ཞིང་འབྲོག་ཁུལ་ལ་འཛིན་པའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་སོགས་དྲིལ་བསྒྲགས་ཞུས་ནས་འབྱོར་འབྲིང་བོད་ལྗོངས་དང་མཐུན་སྦྱོར་ལྡན་པའི་བོད་ལྗོངས། འཆམ་མཐུན་གྱི་བོད་ལྗོངས། སྐྱེས་ཁངས་ཀྱི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་རྒྱུར་ལེགས་སྐྱེས་འབུལ་རྒྱུ།
ཞིང་འབྲོག་རླུང་འཕྲིན་ལེ་ཚན་ནང་གི་༼ཁྲིམས་གསལ་མེ་ལོང་༽ ཞེས་པའི་ཐད་གཏོང་ལེ་ཚན་འདི་རེས་གཟའ་ལྷག་པར་བཀོད་སྒྲིག་ཞུས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་སོགས་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱེད་རྒྱུ་དང་གྱོད་དོན་དངོས་ཀྱི་གྱོད་དཔེར་དབྱེ་ཞིབ་བྱས་ཏེ། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་འགྲེལ་བཤད་ཞུ་རྒྱུ་མ་ཟད་རང་ལྗོངས་ཀྱི་ཁྲིམས་ལུགས་ལས་རིགས་ཀྱི་རིག་གཅིག་མཁས་པ་གདན་ཞུ་བྱས་ནས་འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱ་ངོ་སྤྲོད་ཞུ་རྒྱུ།
ཞིང་འབྲོག་རླུང་འཕྲིན་ལེ་ཚན་ནང་གི་༼ཞིང་འབྲོག་ཚན་རྩལ་ལྡུམ་ར༽ ཞེས་པའི་ལེ་ཚན་འདི་རེས་གཟའ་ཕུར་བུར་བཀོད་སྒྲིག་ཞུས་ཏེ་ལེ་ཚན་དེའི་ནང་རྒྱལ་ཁབ་དང་རང་ལྗོངས་ཀྱི་ཚན་རྩལ་ཆ་འཕྲིན་གསར་ཤོས་དང་སྤྱོད་གོ་ཆོད་པའི་ཞིང་འབྲོག་ཚན་རིག་ལག་རྩལ་གྱི་ཤེས་བྱ། དེ་བཞིན་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོགས་ཞིང་འབྲོག་མང་ཚོགས་ལ་བརྒྱུད་སྤྲོད་བྱས་ནས་སྤྱི་ཚོགས་ཧྲིལ་པོས་བསམ་བློར་བཅིངས་འགྲོལ་དང་ལྟ་བ་གསར་བརྗེས། ཚན་རིག་སློབ་སྦྱོང་། ཚན་རིག་བེད་སྤྱོད། ཚན་རིག་ལ་དགའ་ཞེན་བཅས་བྱེད་པའི་སྲོལ་བཟང་ཞིག་ཆགས་ཤ་བྱས་ཏེ་ཚན་རིག་རིག་གནས་ཀྱི་བྱང་ཚད་གོང་མཐོར་བཏང་ནས་གང་མགྱོགས་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་རྒྱུ།
ཞིང་འབྲོག་རླུང་འཕྲིན་ལེ་ཚན་ནང་གི་༼འཚོ་བའི་ལམ་སྒྲོན༽ཞེས་པའི་ཐད་གཏོང་ལེ་ཚན་འདི་རེས་གཟའ་པ་སངས་ཉིན་བཀོད་སྒྲིག་ཞུས་ཏེ་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོར་འཚོ་བའི་ཆ་འཕྲིན་གསར་ཤོས་ངོ་སྤྲོད་ཞུ་རྒྱུ།
ཞིང་འབྲོག་རླུང་འཕྲིན་ལེ་ཚན་ནང་གི་༼གངས་ལྗོངས་ཀུན་བསྡུས་ལྡུམ་ར༽ཞེས་པའི་ལེ་ཚན་འདི་རེས་གཟའ་སྤེན་པར་བཀོད་སྒྲིག་ཞུས་ཏེ་ལེ་ཚན་དེའི་ནང་རྒྱ་ཆེའི་མང་ཚོགས་ཀྱི་བཟས་གོས་སྡོད་གསུམ་ཐད་ཀྱི་འབྲེལ་ཡོད་ཆ་འཕྲིན་དང་ཤེས་བྱ་ངོ་སྤྲོད་ཞུ་རྒྱུ་མ་ཟད། རང་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དང་ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་གི་བྱས་རྗེས་དང་བུད་མེད་གྱི་ཁེ་དབང་འགན་སྲུང་གི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་ཞུ་རྒྱུ་དང་ཆབས་ཅིག་རང་ལྗོངས་ཀྱི་དམག་བཀུར་དམངས་གཅེས་དང་རྒྱལ་སྲུང་ཤེས་བྱ་སོགས་ངོ་སྤྲོད་ཞུ་རྒྱུ།
ཞིང་འབྲོག་རླུང་འཕྲིན་ལེ་ཚན་ནང་གི་༼བར་སྣང་སྨན་ཁང་༽ཞེས་པའི་ཐད་གཏོང་ལེ་ཚན་འདི་རེས་གཟའ་ཉི་མར་བཀོད་སྒྲིག་ཞུས་ཏེ་རང་ལྗོངས་ཀྱི་སྨན་མཅོས་འཕྲོད་བསྟེན་ལས་རིགས་ཀྱི་རིགས་གཅིག་མཁས་དབང་ལེ་ཚན་ཐད་གཏོང་ཁང་ནང་གདན་འདྲེན་ཞུས་ཏེ་ཐད་གཏོང་ཁ་པར་གྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་གསན་པ་པོར་ཞབས་འདེགས་ཞུ་རྒྱུ།
༼སྐལ་བཟང་མེ་ཏོག་༽ལེ་ཚན་ནི་གཞོན་ནུ་ལོ་ཆུང་ལ་ཁ་ཕྱོགས་པའི་ཆེད་སྒྲིག་ལེ་ཚན་ཞིག་རེད། ལེ་ཚན་དེའི་གཙོ་བོའི་དམིགས་ཡུལ་ནི་ཁྱིམ་ཚང་དང་སློབ་གྲ། སྤྱི་ཚོགས་བཅས་ཕྱོགས་གསུམ་གཞི་གཅིག་ཏུ་བསྡུས་པའི་སློབ་གསོའི་མ་ལག་ཞིག་ཆགས་པ་བྱས་ནས། གཞོན་ནུ་ལོ་ཆུང་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་ཞིག་སྐྲུན་ཐུབ་པ་དང་གཞོན་ནུ་ལོ་ཆུང་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུ། གཞོན་ནུ་ལོ་ཆུང་གི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་རུ་འགྲོ་གཏོང་རྒྱུའི་ཆེད་དུ་ཡིན།
ཀྲུང་གོའི་བོད་ལྗོངས་ཞེས་པའི་༼གནས་མཆོག་ཡུལ་སྐོར་༽ཐད་གཏོང་ལེ་ཚན་འདི་རེས་གཟའ་ལྷག་པའི་ཉིན་བཀོད་སྒྲིག་ཞུས་ནས། བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཡུལ་གོམས་གཤིས་ལུགས། སྲོལ་རྒྱུན་གོམས་གཤིས། ཆོས་ལུགས་རིག་གནས། རི་འཛེགས་ཉེན་བརྟག ཡུལ་སྐོར་འགྲིམ་འགྲུལ། ཡུལ་སྐོར་གནམ་གཤིས། ཡུལ་སྐོར་འཛད་སྤྱོད་སོགས་ཀྱི་ཆ་འཕྲིན་མཁོ་འདོན་ཞུ་རྒྱུ།
ཀྲུང་གོའི་བོད་ལྗོངས་ཞེས་པའི་༼གནས་མཆོག་གར་རོལ༽རིག་རྩལ་ཆེད་སྒྲིག་ལེ་ཚན་རེས་གཟའ་ཟླ་བ་དང་པ་སངས་ཀྱི་ཉིན་དཀོད་སྒྲིག་བྱས་ནས་གླུ་གར་སོགས་དམངས་ཁྲོད་རིག་རྩལ་སྣ་ཚོགས་ངོ་སྤྲོད་ཞུ་བ་དང་བརྩམ་བྱའི་རིགས་སྙན་འབུལ་ཞུ་རྒྱུ།
ཀྲུང་གོའི་བོད་ལྗོངས་ཞེས་པའི་༼ཕ་ཡུལ་གྱི་སྤྲིན་དཀར༽ལེ་ཚན་ནང་ཁོངས་ཀྱི་གསར་འགྱུར་གཏམ་གླེང་ལེ་ཚན། རེས་གཟའ་ལྷག་པ་དང་པ་སངས་ཉིན་བཀོད་སྒྲིག་ཞུ་གི་ཡོད་པ་དང་། དེའི་ནང་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་གདན་ཞུ་གནང་སྟེ་ཁོང་རྣམས་པ་ཚོའི་འཚོ་བ་དང་།བྱ་གཞགསློབ་སྦྱོང་།མི་ཚེའི་སྐྱིད་སྡུག་དང་དེ་བཞིན་འཚོ་བ་གསར་པ་དང་བྱ་དངོས་གསར་པར་རང་ཉིད་ཀྱི་གཟིགས་སྟང་དང་དགོངས་ཚུལ་ལྷུག་གླེང་གནང་ཐོག་ཕྱི་རྒྱལ་ས་ཕྱོགས་ཁག་གི་བོད་རིགས་སྤུན་ཟླ་ཚོས་ཕ་ཡུལ་གྱི་འཕོ་འགྱུར་དང་འཚོ་བ་གསར་པ་ཤེས་རྟོགས་ཐུབ་པ་བྱས་པ།
ཀྲུང་གོའི་བོད་ལྗོངས་ཀྱི་༼གནས་མཆོག་བོད་ལྗོངས༽ཞེས་པའི་དབྱིན་སྐད་ལེ་ཚན་འདི་རེས་གཟའ་ཟླ་བ་དང་ལྷག་པ། ཕུར་བུ། པ་སངས། སྤེན་པ་བཅས་སུ་གཏོང་གི་ཡོད། དེའི་ནང་སྐབས་དོན་གསར་འགྱུར་གསར་ཤོས་དང་། བོད་ཀྱི་བྱ་གཞག་ཁག། བོད་ཀྱི་ཡུལ་སྐོར་གནས་མཆོག་ཁག་དང་ཡུལ་སྲོལ་གོམས་གཤིས། ཡུལ་སྐོར་ཆ་འཕྲིན་ཁག བོད་ཀྱི་སྲོལ་རྒྱུན་རོལ་དབྱངས། གེ་སར་སྒྲུང་། རིག་རྩ་ལས་རིགས་ཀྱི་གྲགས་ཅན་མི་སྣ་སོགས་ངོ་སྤྲོད་ཞུ་གི་ཡོད།།
༼མུ་འབྲེལ་རྩོམ་རིག༽ལེ་ཚན་ནང་བོད་རང་ཁོངས་ཀྱི་ཕུལ་བྱུང་བརྩམས་སྒྲུང་དང་བོད་ཡིག་ཏུ་ཕབ་ཟིན་པའི་རྒྱལ་ནང་གི་ཕུལ་བྱུང་བརྩམས་སྒྲུང་གིས་ནང་དོན་གཙོ་བོ་བྱས་ནས་གསན་པ་པོས་བརྩམས་སྒྲུང་སྙིང་དོན་ལོངས་སྤྱོད་ཐུབ་་པ་དང་།ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་དང་ཆབས་ཅིག་ཕུལ་བྱུང་གི་བརྩམས་བྱས་མི་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོའི་ནུས་པ་ཐོན་ཐུབ་པ་བྱས་ནས་མི་རྣམས་ལ་བསམ་པའི་དཔལ་ཡོན་དང་རྣ་བའི་ལོངས་སྤྱོད་སྦྱིན་ཐུབ་ཐབས་བྱེད་ཀྱི་ཡོད།།
༼རིག་རྩལ་རྒྱ་མཚོའི་ཆུ་ཐིགས༽ཞེས་པའི་ལེ་ཚན་འདི་ཡིས་བོད་སྐད་རླུང་འཕྲིན་གྱི་སྒྲ་དབྱངས་ལ་བརྟེན་ནས།བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་བོད་ཀྱི་གནའ་དེང་རིག་རྩལ་བརྩམ་ཆོས་སྣ་ཚོགས་པར་མྱོང་རོལ་དང་། ཤེས་རྟོགས་བྱེད་གནས་ཤིག་ཡོད་པ་བྱས་ནས། དེས་སྐྱེ་བོའི་བློ་སྒོ་འབྱེད་པ་དང་། ཡིད་ཀྱི་དང་བ་འདྲེན་པ། སེམས་ལ་ངལ་གསོ་ཡོང་བ་བཅས་བོད་སྐད་རླུང་འཕྲིན་གསན་པར་སྤྲོ་བའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དམིགས་འབེན་དུ་འཛིན་གྱི་ཡོད།།
༼དབེན་འཇམ་མཚན་མོའི་རོལ་དབྱངས༽ཞེས་པའི་ལེ་ཚན་འདི་ཡིས་གཙོ་བོ་གཙོ་བོ་བོད་ཀྱི་དལ་འཇམ་རོལ་དབྱངས་བརྩམས་བྱ་དང་རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་རོལ་དབྱངས་བརྩམས་བྱ་བཀོད་སྒྲིག་བྱས་ནས་དབེན་ཞིང་འཇམ་པའི་མཚན་མོར་རོལ་དབྱངས་ལེ་ཚན་དེས་སྐྱེ་བོ་རྣམས་ལ་བདེ་བ་ཚད་མེད་སྦྱིན་ཐུབ་ཐབས་བྱེད་ཀྱི་ཡོད།།
༼སྙན་དབྱངས་ཕོ་ཉ༽ལེ་ཚན་འདིས་གསན་མཁན་གྲོགས་པོ་ཚོར་ཞབས་འདེགས་ཞུ་རྒྱུ་གཙོ་བོར་འཛིན་ནས་ རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་དམིགས་ཡུལ་དུ་བྱས་ཏེ་གསན་མཁན་གཙོ་བོར་འཛིན་པ་དང་སྤེལ་རེས་འདྲ་མཉམ་བྱས་ཐོག་དར་ཁྱབ་ཆེ་བའི་གླུ་གཞས་བརྒྱུད་དེ་བོད་ལྗོངས་ཀྱི་རིག་རྩལ་གྲུབ་འབྲས་མངོན་གང་ཐུབ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག་ཆ་འཕྲིན་ཞབས་ཞུ་འཁོ་འདོན་བྱེད་ཀྱི་ཡོད།།
༼རླུང་འཕྲིན་སློབ་ཁྲིད༽ལེ་ཚན་འདིས་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་གསན་མཁན་གཙོ་བོར་འཛིན་ནས་གསན་མཁན་རྣམ་པ་ཚོར་རླུང་འཕྲིན་ཐོག་ནས་བོད་ཡིག་སུམ་རྟགས་ཤེས་བྱ་གསན་ཐུབ་པའི་ཁོར་ཡུག་ཞིག་འདོན་སྤྲོད་བྱས་ཡོད།།