ག གཙོ་བོ་ཚན་རིག་ལ་བསྟེན་ནས་ཞིང་ཕྱུགས་ནགས་གསུམ་གཉེར་སྟངས་དང་ཚན་རིག་གི་ཤེས་བྱ་ ངོ་སྤྲོད་སོགས་བྱས་ནས་མང་ཚོགས་ཀྱི་བློ་སྒོ་འབྱེད་ཐབས་དང་ཡོང་འབབ་འཕར་ཐབས་བྱེད་ཀྱི་ཡོད་པ་དང་། གཉིས། ལོ་བརྒྱའི་ཇུས་ཆེན་རྩ་བ་སློབ་གསོར་ཐུགས་པའི་གནས་ལུགས་བཤད་དེ་སྤྱི་དམངས་ཡོངས་ཀྱིས་སློབ་གསོར་མཐོང་ཆེན་དང་།དུས་ཐོག་ཏུ་སློབ་གསོ་དང་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་སོགས་དྲིལ་བསྒྲགས་བྱེད་རྒྱུ་རེད།
དུས་ཚོད། སྐར་མ་ཉི་ཤུ།
སྙན་སྒྲོན་བ། ཚེ་དབང་དཔལ་གྲགས་དང་བྱམས་པ་སྒྲོལ་མ།
རྩོམ་སྒྲིག་བ། རྒྱ་མཚོ་ཕུན་ཚོགས།
ཞིབ་བཤེར་མཆན་འགོད། རྒྱ་མཚོ་ཕུན་ཚོགས།
༣ ལེ་ཚན་གྱི་མིང་། བུད་མེད་ཀྱི་ལམ་སྒྲོན།
བརྗོད་བྱ། དུས་བབ་གསར་པའི་ནང་ཐོན་པའི་བུད་མེད་བྱས་པ་ཅན་རྣམས་དྲིལ་བསྒྲགས་བྱས་ཏེ་བུད་མེད་ཀྱིས་གནམ་ ཕྱེད་ཀ་འདེགས་པའི་ནུས་པར་བསྔགས་བརྗོད་དང་། བུད་མེད་དང་འབྲེལ་བའི་མ་བུ་འཕྲོད་སྦྱོར་སོགས་ཀྱི་བདེ་སྲུང་ཤེས་
བྱ། དེ་བཞིན་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་སྐོར་གྱི་ཁྲིམས་ལུགས་ཤེས་བྱ་སོགས་ངོ་སྤརོད་ཞུ་བགྱི་ཡོད།
དུས་ཚོད། ཆུ་ཚོད་ཕྱེད་ཀ
སྙན་སྒྲོན་བ། ཚེ་རིང་སྒྲོལ་མ།
ཞིབ་བཤེར་མཆན་འགོད། རྒྱ་མཚོ་ཕུན་ཚོགས།
༤ ལེ་ཚན་གྱི་མིང་། བྱིས་པའི་ལམ་ཡིག
བརྗོད་བྱ། བྱིས་པའི་སེམས་ཁམས་དང་མཐུན་པའི་སྒྲུང་དང་། ཁེད། ཁ་མཚར་སོགས་བཤད་དེ་ཁོང་ཚོའི་བློ་སྒོ་ འབྱེད་ཐབས་དང་། བྱིས་པ་ཚོར་ཆུང་དུས་ནས་རྒྱལ་གཅེས་རིང་ལུགས་སོགས་ལྟ་བ་བཞི་དང་སྨྲ་བ་གཉིས་སོགས་ཀྱི་སློབ་ གསོ་བརྒྱབ་ནས་ཁོང་ཚོས་ཆུང་བྱིས་པའི་དུས་ནས་ཡང་དག་པའི་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བ། འཇིག་རྟེན་གྱི་ལྟ་
བ་འཛུགས་ཐབས་སོགས་བྱེད་ཀྱི་ཡོད།
དུས་ཚོད། ཆུ་ཚོད་ཕྱེད་ཀ
སྙན་སྒྲོན་བ། བྱམས་པ་སྒྲོལ་མ།
ཞིབ་བཤེར་མཆན་འགོད། རྒྱ་མཚོ་ཕུན་ཚོགས།
༥ ལེ་ཚན་གྱི་མིང་། དེ་རིང་གི་དོན་གནད།
བརྗོད་བྱ། ཏང་གི་དམངས་ཕན་སྲིད་ཇུས་སོགས་དེ་རིང་ཁ་ས་ཐོན་པའི་མི་རྣམས་ཀྱིས་ཆེས་དོ་འཁུར་བྱེད་པའི་དོན་གནད་རྣམས་ཕྱོགས་བསྡུས་གོ་བདེར་བཀྲལ་ཏེ་ཞུ་རྒྱུ།
དུས་ཚོད། སྐར་མ་སུམ་ཅུ།
སྙན་སྒྲོན་བ། ཁྱུང་གྲགས་དང་སྨོན་ལམ་སྐྱིད།
ཞིབ་བཤེར་མཆན་འགོད། རྒྱ་མཚོ་ཕུན་ཚོགས།
༦ ལེ་ཚན་གྱི་མིང་། ལུས་ཁམས་བདེ་སྲུང་།
བརྗོད་བྱ། དེའི་ནང་ཏང་དང་སྲིད་གཞུང་གིས་བཏོན་པའི་སྨན་བཅོས་འཕྲོད་བསྟེན་སྐོར་དང་། རྒྱུན་དུ་སྤྱོད་ཆེ་བའི་སྨན་ཁག་གཅིག་གི་ཕན་ནུས་དང་གཏོང་ཐབས་སོགས་ཀྱི་སྐོར། ལུས་སེམས་བདེ་ཐང་གི་ཤེས་བྱ་ཙག་ཙིག་ངོ་སྤྲོད་བྱེད་པ།ནད་དང་ནད་བཅོས་བྱ་ཐབས་ཀྱི་སྐོར་ལ་སྨན་དོན་མི་སྣར་བཅར་འདྲི་ཞུས་པའི་ནང་དོན་ཏེ་ནང་གསེས་ལེ་ཚན་ཆེ་ཁག་བཞི་ཙམ་ལ་དབྱེ་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད།
དུས་ཚོད། སྐར་མ་ཉི་ཤུ།
སྙན་སྒྲོན་བ། བསྟན་པ་ཡར་འཕེལ།
ཞིབ་བཤེར་མཆན་འགོད། རྒྱ་མཚོ་ཕུན་ཚོགས།
༨ དགའ་ཆབ་མདོ།
བརྗོད་བྱ། གཙོ་བོ་ཆབ་མདོ་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་དེང་གི་ཆབ་མདོའི་ཆབ་དཔལ་རིག་
གསུམ་གྱི་སྐྱེ་སྟོབས་དཔལ་གྱི་གཟི་བརྗིད་མངོན་པར་བྱ་རྒྱ།
དུས་ཚོད། ཆུ་ཚོད་ཕྱེད་ཀ
སྙན་སྒྲོན་བ། རྒྱ་མཚོ་དང་གཡང་འཛོམས།
ཞིབ་བཤེར་མཆན་འགོད། ངག་དབང་དོན་ལྡན།
གསུམ རིག་རྩལ་ལེ་ཚན།
༡ ལེན་ཚན་མིང་། གངས་ལྗོངས་སྒྱུ་རྩལ་དོ་ར།
བརྗོད་བྱ། ལེ་ཚན་འདི་ནི་ནང་གསེས་ལེ་ཚན་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་སྟེགས་བུ་ཞེས་པ་དང་་གླུ་གཞས་མེ་ཏོག་འཁྲིགས་པའི་ལྡིང་ཁང་ཞེས་པ་གཉིས་ལས་གྲུམ་ཅིང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་སྟེགས་བུ་ཞེས་པ་ནང་གསེས་ལེ་ཚན་ནང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ནང་མ་དང་སྟོད་གཞས།བྲོ་གཞས།འབའ་གཞས་སོགས་ཀྱིས་གཙོས་པའི་སྲོལ་རྒྱུན་རིག་རྩལ་སྙན་དབྱངས་གཏོང་བ་དང་ངོ་སྤྲོད་ཞུ་བ་དང་། གླུ་གཞས་མེ་ཏོག་འཁྲིགས་པའི་ལྡིང་ཁང་ཞེས་པའི་ནང་ཅུང་རྙིང་བའི་ཕུལ་བྱུང་གླུ་གཞས་གཏོང་བ་དང་ངོ་སྤྲོད་ཞུ་གི་ཡོད།
ལེ་ཚན་རིང་ཚད། སྐར་མ་ལྔ་བཅུ།
རྩོམ་སྒྲིག་པ། སྐལ་བཟང་སྒྲོལ་དཀར།
ཞིབ་བཤེར་མཆན་འགོད་མཁན། རྒྱ་མཚོ་ཕུན་ཚོགས།
སྙན་སྒྲོན་པ། སྨོན་ལམ་སྐྱིད།
༢ ལེན་ཚན་མིང་། རྩོམ་རིག་ལུ་གུའི་རྩེད་ཐང་།
བརྗོད་བྱ། ལེ་ཚན་འདི་ནི་ནང་གསེས་ལེ་ཚན་ལྷུགས་རྩོམ་པད་མའི་ཟེགས་འབྲུ་ཞེས་པ་དང་སྒྲུང་གཏམ་རླབས་ཀྱི་ཟེགས་མ་་སྙན་རྩོམ་མེ་ཏོག་ལྡོང་ར།འཚར་གཏམ་ཐོས་པ་འཛུམ་ཤོར་སོགས་ལས་གྲུམ་ཅིང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དིང་དུས་གསར་རྩོང་རིག་གནས་སོགས་ངོ་སྤྲོད་བྱས་ཡོད།
ལེ་ཚན་རིང་ཚད། སྐར་མ་སུམ་ཅུ།
རྩོམ་སྒྲིག་པ། རིན་ཆེན་ཐུབ་བསྟན།
ཞིབ་བཤེར་མཆན་འགོད་མཁན། རྒྱ་མཚོ་ཕུན་ཚོགས།
སྙན་སྒྲོན་པ། རིན་་ཆེན་ཐུབ་བསྟན།
༣ ལེན་ཚན་མིང་། རོལ་དབྱངས་ཀྱི་ཞིང་ཁམས།
བརྗོད་བྱ། རོལ་དབྱངས་ཀྱི་ཞིང་ཁམས་ཞེས་པའི་ལེ་ཚན་འདི་ནི་ཐད་གཏོང་ལེ་ཚན་ཡིན་པ་མ་ཟད་གཙོ་བོ་ཁམས་ཁུལ་གྱི་གསན་པ་པོ་རྣམས་ཀྱིས་རེ་སྐུལ་བྱས་པའི་གླུ་གཞས་བཀོད་སྒྲིག་བྱེད་ཀྱི་ཡོད།
ལེ་ཚན་རིང་ཚད། ཆུ་ཚོད་གཅིག
རྩོམ་སྒྲིག་པ། ཚེ་བརྟན་ལྷ་འཛོམས།
སྙན་སྒྲོན་པ། ཚེ་བརྟན་ལྷ་འཛོམས།
༤ ལེན་ཚན་མིང་། གསེར་གྱི་བྲོ་ར།
བརྗོད་བྱ། ལེ་ཚན་འདིའི་ནང་གཙོ་བོ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་གཏོང་བའི་བོད་ཀྱི་དེང་རབས་གླུ་གཞས་ང