ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲཌ་པུའུ་ཀྲང་རྡུང་ཡུན་ཧུའུ་ཡིས་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཁོངས་གཏོཌ་ཀྱི་
འཐབ་ས་དང་པོའི་ལས་དོན་པར་འཚམས་འདྲི་གནང་བཞིན་པ།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲཌ་པུའུ་ཀྲང་རྡུང་ཡུན་ཧུའུ་ཡིས་བོད་ལྗོངས་འཕྲིན་དྲའི་དྲ་ཚུཌ་སུ་གཟིཌ་ཞིབ་གནང་བཞིན་པ།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲཌ་པུའུ་ཀྲང་རྡུང་ཡུན་ཧུའུ་ཡིས་ཕྱི་ཕྱོཌ་དབྱིན་སྐད་ལེ་ཚན་པུར་གཟིཌ་ཞིབ་གནང་བཞིན་པ།
སྤྱི་ཚེས ༡༨ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཀྲང་རྡུང་ཡུན་ཧུའུ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཚོད་འཛིན་ལྟེ་གནས་དང༌། གསར་འགྱུར་གཏོང་སྤེལ་ཁང༌། བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་སྤྱི་ཁྱབ་ཚོད་འཛིན་ཁང༌། ཀྲུང་གོའི་བོད་ལྗོངས་འཕྲིན་དྲའི་དྲ་ཚུགས། ཕྱི་ཕྱོགས་དབྱིན་སྐད་ལེ་ཚན་པུའུ། གྲོང་ཁྱེར་འཚོ་བའི་རླུང་འཕྲིན། རླུང་འཕྲིན་བརྙན་འཕྲིན་དྲ་བའི་བརྒྱུད་གཏོང་ལྟེ་གནས་བཅས་སུ་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། འཐབ་ས་དང་པོའི་ལས་བཟོ་པར་འཚམས་འདྲི་གནང་བ་རེད།
རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་འགན་ཁུར་བློ་མཐུན་གྱི་སྙན་ཞུ་གསན་རྗེས། རྡུང་ཡུན་ཧུའུ་ཡིས་རང་ལྗོངས་ཀྱི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཁོངས་གཏོགས་ཀྱིས་རླུང་འཕྲིན་དང་བརྙན་འཕྲིན་གྱི་དྲིལ་བསྒྲགས་ནང་དོན་དང་རྣམ་པ་གསར་གཏོད་བྱས་ནས་གཞི་རིམ་དུ་བསྐྱོད་པ་དང་སྤྱོད་ཚུལ་བསྒྱུར་བ། རྩོམ་སྲོལ་བསྒྱུར་བ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། བརྗོད་དོན་ཆེ་མོར་བསྟུན་ནས་གསོན་ཉམས་ལྡན་པའི་ལེ་ཚན་ཐོག་ནས་བོད་ཀྱི་ལོ་རྒྱུས་འཕོ་འགྱུར་དང་འཕེལ་རྒྱས་ཡར་ཐོན་མངོན་པ་བྱེད་པ་དང་། མང་ཚོགས་ཀྱི་ལྟ་འདོད་པ་དང་ཉན་སྤྲོ་བའི་ལེ་ཚན་གཉེར་རྒྱུར་ཤུགས་སྣོན་བརྒྱབ་ནས་གླེང་ཕྱོགས་གཙོ་བོའི་བརྒྱུད་གཏོང་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང༌། ལག་རྩལ་དང་ཤེས་ལྡན་པའི་འགན་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་དང༌། བདེ་འཇགས་གཏོང་སྤེལ་འགན་སྲུང་མ་ལག། གྲངས་གཞི་ཅན་གྱི་མ་ལག་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ས་ཆ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་ཤེས་ལྡན་པ་ནང་འདྲེན་བྱ་རྒྱུར་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་བསྐྲུན་ནས། རང་ལྗོངས་ཀྱི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།།
རྩོམ་སྒྲིག་པ་བསོད་སྒྲོན།