中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > བོད་ཀྱི་ཡུལ་སྐོར། > གནས་མཇལ་ལམ། > རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།
རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།
-- བོད་ལྗོངས་རླུང་འཕྲིན།
2009-5-8 0:41:56
རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།མཚན་རྒྱས་པར་རྒྱལ་རྩེ་དཔལ་འཁོར་ཆོས་ཀྱི་སྡེ་ཆེན་པོ་ཞེས་ཞུ།
གཞིས་རྩེ་བཀྲིས་ལྷུན་པོ་ནས་ཤར་ལྷོའི་མཚམས་སྣུམ་ནག་འཁོར་ལོ་དེད་སྤྱི་ལེ་༩༠ཙམ་སོང་ན་རྒྱལ་རྩའི་གྲོང་དབུས་སུ་དགོན་དེ་འཇལ་བ་ཡིན། དཔལ་འཁོར་ཞེས་པ་ནི་དགོན་དེའི་དབྱིབས་དཔལ་འཁོར་ལོ་བདེ་མཆོག་གི་ཀྱིལ་འཁོར་གྱི་རིགས་སུ་བྱས་པས་མཚན་དེ་ལྟར་ཐོགས་དགོན་དེ་ནི་ཐོག་མར་སྤྱི་ལོ་༡༤༡༨ལོར་ཆོས་རྒྱལ་རབ་རྟན་ཀུན་བཟང་འཕགས་ཀྱིས་བཏབ་རབ་བརྟན་ཀུན་བཟང་འཕགས་ཐོག་མར་སྣེ་གདོང་རྒྱལ་པོའི་གཟིམ་དཔོན་ཡིན་པ་ལ་དགུང་ལོ་ཉི་ཤུ་ཙམ་ཕེབས་སྐབས་རྒྱལ་རྩེ་རྫོང་སྟེ་ཕོ་བྲང་རྒྱལ་མཁར་རྩེའི་རྫོང་དཔོན་དུ་བསྐོ་བཞག་མཛད་ཐོག་མར་དགོན་དེ་དང་ཉེ་བའི་སྤྱི་ལེ་༤/༥ཙམ་ན་ལྕང་ར་ཆོས་སྡེ་ཞེས་པ་བཏབ་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དགོན་དེའི་མཁན་པོ་མཛད་དེ་ནས་ལྕང་ལོ་ཟམ་ཆེན་ཞེས་ཟམ་མིག་དགུ་ན་སྟེང་དུ་མཆོད་རྟེན་གསུམ་ཡོད་པ་ལ་དེའི་འོག་ནས་འགྲོ་སྐྱོད་ཆོག་པ་ཞིག་ཀྱང་བསྐྱོན་་ནས་ཕོ་བྲང་རྒྱལ་མཁར་རྩེ་རུ་གཙུག་ལག་ཁང་ཡོད་ཀྱང་གཞི་ཁྱོན་ཆུང་བར་གཟིགས་ཏེ་ད་ལྟའི་གནས་དེར་གཙུག་ལག་ཁང་ཞིག་བཞེངས་དགོས་ཐུགས་ལ་དགོངས་གུང་ཐང་གཙུག་ལག་ཁང་ལ་དཔེར་བྱས་ཏེ་དཔལ་འཁོར་ཆོས་སྡེ་བཏབ་དེའང་ཆོས་རྒྱལ་རིན་ཆེན་རྩེར་བཞུགས་བཞག་མཛད་སྐབས་སྐུ་པང་དུ་ཤོག་དྲིལ་ཞིག་བབས་པ་ལ་རྒྱ་གར་རྡོ་རྗེ་གདན་གྱི་ཇོ་བོ་མ་ཧྰ་བྷོ་ཏིའི་སྐུ་ཚད་དང་སྐུ་རྒུའི་རིན་ཐང་སོགས་འཁོད་ཡོད་པས་ཆོས་སྡེའི་དེའི་རྟེན་གཙོའང་དེ་ལྟ་བུ་ཞིག་བཞེངས་དགོད་བརྡ་རུ་གསན་ཐོག་མར་ཚོགས་ཆེན་འདུ་ཁང་ཀ་རིང་༨དང་ཀ་ཐུང་༤༨ཀྱི་ས་དང་གཙན་ཁང་ཀ་རིང་༢དང་ཀ་ཐུང་༦སར་དབུས་སུ་གསེར་བཟམ་ཀྱི་ཐུབ་དབང་བལ་བཟོ་ཅན་དང་གཡས་གཡོན་དུ་འཇམ་དབྱངས་མི་ཚད་ལྷག་བཅས་རྫོང་མདུན་རྡུང་ར་ཞེས་པར་བརྡུང་པས་ད་ལྟའང་ས་དེར་རྡུང་ར་ཞེས་ཟེར་མཐའ་འཁོར་དུ་བྱང་སེམས་བཅུ་དྲུག་སྨན་འདམ་ལས་གྲུབ་པ་ལྷ་བཟོ་བ་ལྷ་ས་ནས་ཡིན་ཞེས་ཟེར་གཡས་ནས་རྩིས་པའི་གཙང་ཁང་དང་པོའི་ནང་གསེར་བཟང་ཀྱི་ཀུན་རིགས་རྣམ་པར་སྣང་མཛད་དབུས་བཞུགས་རྒྱལ་བ་རིགས་ལྔ་དང་ཀུན་རིགས་ལྷ་ཚོགས་རྣམས་སྨན་འདམ་ལས་གྲུབ་པ་གཙང་ཁང་ཤར་དུ་རྟེན་གཙོ་གསེར་བཟང་ཀྱི་རྒྱལ་བ་བྱམས་པ་གཟུངས་སུ་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་སྐུ་རུས་སཙྪ་བཞུགས་པ་སྐུ་རྒྱབ་ཏུ་སྨན་འདམ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་མཐའ་འཁོར་དུ་གཡོན་ནས་རྩིས་པའི་ཨ་ཏི་ཤ་ཀརྨ་ལ་ཤི་ལ་པདྨ་སྃ་བྷ་བ་མཁན་ཆེན་བྷོ་ཏི་སྰ་ཏོ་འཇམ་དབྱངསཕྱག་རྡོར་ཁ་ཆེ་པན་ཆེན་ཤྰཀྱ་ཤྰི་ཆོས་རྒྱལ་མེས་དབོན་རྣམ་གསུམ་འཁྱམས་ཀྱི་ལྡེབས་རིས་སུ་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་ཁག་ཅིག་བཅས་ལྡེབས་རིས་ཇི་སྙིད་ཡོད་པ་ལས་ལ་ལ་བལ་བྲིས་ཡིན་ཟེར་ཡང་ལྷ་བྲིས་སོ་སོའི་མིང་ནི་བོད་མིང་འཁོད་ཡོད་པ་བཅས་སོ།།
 
  རྩོམ་ཡིག་དེ་གཟིགས་གྲུབ་འདུག:(874
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail