中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > བོད་ཀྱི་ཡུལ་སྐོར། > ཡུལ་སྐོར་ཆ་འཕྲིན། > ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་ཡུལ་སྐོར་མཛེས་ལྗོངས་ཁུལ།
ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་ཡུལ་སྐོར་མཛེས་ལྗོངས་ཁུལ།
ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།    -- བོད་ལྗོངས་རླུང་འཕྲིན།
2009-5-6 0:39:19
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང། འཛམ་གླིང་ཐོག་གི་གྲོག་རོང་ཆེ་ཤོས་སྟེ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོར་ཡུལ་སྐོར་མཛེས་ལྗོངས་ཁུལ་ཧ་ཅང་ཆེ་གྲས་ཤིག་སྐྲུན་བཞིན་ཡོད་པ་རེད། སྔོན་དཔག་བྱས་ན་༢༠༡༠ལོར་སླེབས་སྐབས་གངས་རིར་ལྟ་སྐོར་དང་། གྲོག་རོང་དུ་གོམ་བགྲོད་བྱེད་པ། ཆུ་ཚན་དུ་གུང་གསེང་གཏོང་བ་སོགས་གཞི་གཅིག་ཏུ་གྱུར་བའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་བསྐྲུན་གྲུབ་པ་བྱ་རྒྱུ་རེད།
གསར་འགོད་པས་མཛེས་ལྗོངས་ཁུལ་གསར་སྤེལ་དོ་དམ་གྱི་འགན་འཁུར་མཁན་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༠༥ལོ་ནས་བཟུང་ཀུང་སི་དེས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་གསར་སྤེལ་བྱེད་འགོ་ཚུགས་པ་དང་མིག་སྔར་མ་དངུལ་སྒོར་ཁྲི༡༣༣༠བཏང་བའི་ཡར་ཀླུང་གཙང་པོའི་ཆུ་ཐོག་འགྲུལ་ལམ་གྱི་ཡུལ་སྐོར་རྣམ་གྲངས་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད།
འདི་ལོ་མ་དངུལ་སྒོར་དུང་ཕྱུར༣.༥བཏང་ནས་ཡུལ་སྐོར་བའི་སྣེ་ལེན་ལྟེ་བ་དང་། ཕད་གྲོང་རྡལ་གྲུ་ཁ། གནམ་ལྕགས་འབར་བ་མཛེས་ལྗོངས་ལྟ་སྟེགས་སོགས་ཚུད་པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་འཇུག་སྒོའི་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ལས་མཇུག་འགྲིལ་ཟིན་པས་སྐུ་མགྲོན་རྣམས་བག་ཕེབས་ངང་ཆུ་དང་སྐམ་ས་གཉིས་བརྒྱུད་གྲོག་རོང་ཆེན་པོའི་ནང་སྐྱོད་ཆོག་པ་དང་གནམ་ལྕགས་འབར་བ་སོགས་འཛམ་གླིང་རིམ་པའི་མཛེས་ལྗོངས་ཁུལ་ལོངས་སུ་སྤྱོད་རྒྱུ་ཡོད།
ཕྱི་ལོར་མཛེས་ལྗོངས་ཁུལ་དུ་ད་དུང་སྐར་བཞི་རིམ་པའི་ཚད་ལྡན་མགྲོན་ཁང་དང་། ཡུལ་སྐོར་བའི་ཟ་ཁང་ཆེན་མོ། སྨན་གླིང་གནམ་ཐང་། དགེ་དགའ་ཆུ་ཚན་སོཊ་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་། སྲིད་གཞུང་ནས་མ་དངུལ་བཏང་བའི་མཛེས་ལྗོངས་ཁུལ་གྱི་ཟམ་ཆེན་དང་གཞུང་ལམ་ཡང་ལེགས་གྲུབ་ཡོང་རྒྱུ་རེད།
 
  རྩོམ་ཡིག་དེ་གཟིགས་གྲུབ་འདུག:(332
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail