中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > བོད་ཀྱི་རིག་གནས། > དུས་ཆེན། > སོ་ནམ་ལོ་གསར།
སོ་ནམ་ལོ་གསར།
--བོད་ལྗོངས་རླུང་འཕྲིན།
2009-4-25 17:33:10

བོད་ཟླ་༡༢ཚེས་གཅིག་ཉིན་གཏོང་བའི་ལོ་གསར་དེའི་བྱུང་ཚུལ་ནི།  ༼བོད་སྔ་རབས་ཀྱི་མཛད་ཆེན་དང་དུས་སྟོན་ཁག་གི་གཏམ་ངོ་མཚར་ཅན་གྱི་ལྟད་མོ༽ ཞེས་པ་ལས་དུས་རབས་བརྒྱད་པ་ཁྲི་སྲོང་སྡེ་བཙན་གྱི་དུས་བོན་ཆོས་ཉམས་པ་དང་ཕྱོགས་མཚུངས་སུ་གྱིམ་ཤིང་ཀོང་ཇོའི་དུས་བོད་དུ་བསྒྱུར་བའི་རྩིས་ཀྱི་དཔེ་ཆ་སྟེ་བར་འགྱུར་གསལ་སྒྲོན་སྦས་བཅས་ཅན་གྱི་ལུགས་ཞེས་བོད་ཟླ་༡༢ཚེས་༡ལ་རྒྱ་ནག་གི་སོ་ནམ་ལོ་གསར་འཁེལ་བ་དང་ལྷན་དུ།     བོད་ཀྱི་ལོ་གསར་སྲོལ་ཆགས་པ་དེ་གནའ་སྲོལ་དང་ཀོང་ཇོ་ཕྱི་མའི་ལུགས་ཞེས་གསལ་བ་ལྟར་ཀོང་ཇོ་ཕྱི་མ་སྟེ་གྱིམ་ཤིང་ཀོང་ཇོའི་དུས་དུ་བྱུང་བའི་ལོ་གསར་གཏོང་སྲོལ་ཡིན་པ་དང་།     ལོ་གསར་གཙང་ཕྱོགས་ཀྱི་ཡུལ་གྲུ་ཕལ་ཆེ་བ་དང་སྟོད་མངའ་རིས་ཁུལ་གྱི་བྱང་ཐང་འབྲོག་པ་སོགས་ཀྱིས་ཤིན་ཏུ་རྒྱས་པོ་གཏོང་སྲོལ་ཡོད།     གོང་གསལ་ཡུལ་གྲུ་དེ་དག་གིས་སོ་ནམ་ལོ་གསར་རྒྱས་པོ་གཏོང་བ་མ་ཟད།     རྒྱལ་པོ་ལོ་གསར་ཏེ་ཟླ་བ་དང་པོའི་ལོ་གསར་ཡང་རྟེན་འབྲེལ་མ་འཆུགས་ཙམ་གཏོང་སྲོལ་ཡོད་པ་རེད།     མངའ་རིས་ཁུལ་དུ་ཟླ་བ་༡༢པའི་ལོ་གསར་གཏོང་སྲོལ་གྱི་སྐོར་ལ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བཀྲམ་པའི་ ༼ཞང་ཞུང་སྲིད་པའི་གྲེ་འགྱུར༽ ཞེས་པ་དང་།  བོད་དམག་ཁུལ་ཁང་གི་པར་འདེབས་བཟོ་གྲྭ་ནས་༡༩༩༥ལོར་དཔེ་སྐྲུན་བྱས་པའི་ ༼རུ་ཐོག་ཁྱུང་རྫོང་དཀར་མོའི་ལོ་གསར་དང་དུས་ཆེན་གཏོང་སྲོལ་སྐོར་ཆེ་ལོང་ཙམ་བརྗོད་པ༽ ཞེས་པའི་ཤོག་གྲངས་༩༣༣ནང་བྱང་ཐང་འབྲོག་པའི་ལོ་གསར་བོད་ཟླ་༡༡པའི་ཚེས་༢༩ཉིན་དགུ་ཐུག་བཏང་།     དགུ་གཏོར་མེ་རོ་དབྱུགས་པ་བཅས་བྱེད།     ཚེས་༣༠ཉིན་ཐབ་གཟན་ཟ་བ།     ཟླ་༡༢པའི་ཚེས་༡ཉིན་ཞོགས་པ་སྔ་པོ་ནས་ནང་མི་རྒན་གཞོན་ཚང་མ་གཟབ་མཆོར་སྤྲད་ནས་རྒན་གྲས་ལ་གུས་ཕྱག་བྱེད་ཅེས་སོགས་གསལ་བར་གཞིགས་ན་མངའ་རིས་ཁུལ་དུ་འབྲོག་པ་ཁག་གཅིག་གིས་ཀྱང་སོ་ནམ་ལོ་གསར་འདི་གཏོང་གིན་ཡོད་པ་རྟོགས་ཐུབ།

 
  རྩོམ་ཡིག་དེ་གཟིགས་གྲུབ་འདུག:(906
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail