中文  |   ENGLISH
 
 
 
དེ་རིང་དོ་སྣང་།: སྲིད་གཞུང་དང་ལས་རིགས་སྤྱོད་ཚུལ་སྐོར་གྱི་བོད་སྐད་ཐད་སྦྲེལ་ཁ་པར་ལེ་ཚན་སྤྱི་ཟླ༨པའི་ཚེས༡༠ཉིན་འགོ་བཙུགས་རྒྱུ་ཡིན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > བོད་ཀྱི་རིག་གནས། > དུས་ཆེན། > ལྷ་སའི་བཅོ་ལྔ་མཆོད་པ།
ལྷ་སའི་བཅོ་ལྔ་མཆོད་པ།
བོད་ལྗོངས་རླུང་འཕྲིན།--བོད་ལྗོངས་རླུང་འཕྲིན།
2010-6-2 22:40:54

ཚེས་བཅོ་ལྔའི་ཉིན་མོ་ནི་མཆོད་པ་བཤམས་པའི་དུས་ཆེན་ཏེ་སྨོན་ལམ་ཆེ་མོའི་ནང་གི་དུས་ཆེན་ངོ་མཚར་ཆེ་ཤོས་ཤིག་ཡིན།  ལྷ་སའི་བཅོ་ལྔ་མཆོད་པ་ཞེས་བརྗོད་ཅིང་སྲིད་གཞུང་དང་།     བླ་བྲང་ཆེ་ཁག སྡེ་དཔོན་ཆེ་ཁག     དེ་བཞིན་རྒྱུད་གྲྭ་སྟོད་སྨད་སོགས་ཁུངས་སོ་སོས་མཆོད་གཞུང་ནང་གསལ་ལྟར་ལྷ་སའི་བར་སྐོར་གྱི་ནང་དུ་མཆོད་ཁྲི་ཐོག་རྩེག་གསུམ་ཙམ་ཡོད་པའི་ཐོག་ཏུ་མར་ཚོན་ལས་གྲུབ་པའི་ངོ་མཚར་གྱི་ཞིང་བཀོད་ལྟ་ན་སྡུག་པའི་ནང་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་དང་།     བྱང་ཆུབ་སེམས་པའི་སྐུ་བརྙན་སྣ་ཚོགས་དང་།     དེ་བཞིན་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་སྐུ་བརྙན་ཡོད་ལ་རྒྱལ་སྲིད་སྣ་བདུན་དང་།     བཀྲ་ཤིས་རྟགས་བརྒྱད།     ཚེ་རིང་རྣམ་དྲུག    མཐུན་པ་སྤུན་བཞི།     སྒེག་པའི་ཉམས་དང་ལྡན་པའི་མཆོད་པའི་ལྷ་མོ་སོགས་སྒྱུ་རྩལ་གྱི་ཉམས་འགྱུར་སྣ་ཚོགས་ལྡན་པའི་གཟུགས་བརྙན་ཡིད་དུ་འོང་ཞིང་།    བཟོ་བཀོད་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཏེ་རྣམ་པར་བཀྲ་བའི་མཆོད་པས་བར་སྐོར་ཡོངས་སུ་འཁོར་ནས་ཡོད་པ་མ་ཟད།  མཆོད་པ་མང་པོ་ཞིག་ནི་གསང་ཐག་འཐེན་ནས་འགུལ་རྒྱུ་ཡོད་པས་ངོ་མཚར་ཆེ་བའི་ལྟད་མོས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཅིང་།     མཆོད་པ་དེ་དག་གི་མདུན་དུ་སྐར་ཚོགས་གྲངས་མེད་ས་ལ་འཕོས་པ་ལྟ་བུའི་མར་མེའི་ཕྲེང་བས་རབ་ཏུ་བརྒྱན་ཅིང་འོད་མདངས་རྣམ་པར་བཀྲ་བ་ཞིག་ཡོད།    ཏྰ་ལའི་བླ་མ་དང་།     བཀའ་ཤག་གིས་གཙོས་དཔོན་རིགས་རྣམས་མཆོད་པའི་མཇལ་ཁ་མ་གྲུབ་བར་དུ་བར་སྐོར་ཕྱི་ལོག་ནས་ཡོང་སའི་སྲང་ལམ་ཡོངས་ལ་ཐག་རྒྱ་བཀྲམས་ཏེ་དམག་མིའི་སྲུང་བྱ་བསྡད་ནས་མང་ཚོགས་རྣམས་བར་སྐོར་ནང་དུ་མཆོད་མཇལ་དུ་གཏོང་གི་མེད།     ཏྰ་ལའི་བླ་མ་དང་བཀའ་ཤག་མཆོད་གཟིགས་གྲུབ་མ་ཐག་ཐག་རྒྱ་གློད་དེ་རྒྱ་ཆེའི་མང་ཚོགས་རྣམས་འཚང་ཁ་བཤིག་བཤིག་གིས་མཆོད་པ་མཇལ་བཞིན་དུ་བར་སྐོར་དུ་འགྲོ་བ་དང་།     ལྷ་སའི་ཉེ་འཁོར་གྲོང་གསེབ་གྲིབ་པ་དང་ར་མ་སྒང་པ་ཚོ་ནས་མཆོད་པ་རེ་རེའི་མདུན་དུ་སྒོར་གཞས་རེ་རྒྱག་བཞིན་དུ་བར་སྐོར་དུ་འགྲོ་ཞིང་།     སྐབས་རེ་ནི་མཚན་གང་སྒོར་གཞས་བརྒྱབ་ནས་སྡོད་ཀྱི་ཡོད་པ་རེད།།

 
  རྩོམ་ཡིག་དེ་གཟིགས་གྲུབ་འདུག:(1377
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail