中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > བོད་ཀྱི་རིག་གནས། > དུས་ཆེན། > དགའ་ལྡན་ལྔ་མཆོད།
དགའ་ལྡན་ལྔ་མཆོད།
--བོད་ལྗོངས་རླུང་འཕྲིན།
2009-4-23 15:53:14

བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི།     རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དགོངས་རྫོགས་ཀྱི་དུས་ཚོད་ཉིན་མོ་ཞིག་རེད།     དེ་ཡང་ས་ཕག་སྤྱི་ལོ་༡༤༡༩ལོར་རྗེ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་སེ་འབྲས་སོགས་སུ་ཕེབས་ནས་ཆོས་མང་དུ་གསུངས། མཐར་དགའ་ལྡན་དུ་ཕྱིར་ཕེབས་ཐོག་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་།     བསྔོ་སྨོན་རྒྱ་ཆེ་མཛད་རྗེས་སྐུ་བེར་དང་།      དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་ནས་བོད་ས་ཕག་༡༤༡༩ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་གཟིམ་ཁང་འོད་གསལ་སྦུག་ཏུ་གཤེགས།     སྤྱི་ལོ་༡༤༢༠ལོའི་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྗེ་རིན་པོ་ཆེའི་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དེ་ནས་བཟུང་།     དགའ་ལྡན་ལྔ་མཆོད་ཞེས་རྒྱ་བོད་ཧོར་གསུམ་སོགས་ཀྱི་དད་ལྡན་སེར་སྐྱ་ཚང་མས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེ་གཟབ་རྒྱས་གཤམས་ཏེ་རྣམ་དཀར་དགེ་ལས་ལ་བརྩོན་ཞིང་།    མར་དང་།    སྣུམ།    དཀར་ཞུན་བཅས་ཀྱི་མར་མེའི་ཕྲེང་བ་སྐར་ཚོགས་ས་ལ་འཕོས་པ་ལྟ་བུར་རྩེ་ཕོ་བྲང་དང་།     གཙུག་ལག་ཁང་།    སེ་འབྲས་དགའ་གསུམ།    རྒྱུད་གྲྭ་སྟོད་སྨད་སོགས་ལྷ་ཞོལ་དགོན་ཁག་དང་།    ཁྱིམ་མི་ཡོངས་ནས་རང་ཉིད་ཀྱི་འཁོས་འབྱོར་ལ་གཞིགས་ཏེ་མཆོད་སྤྲིན་རྒྱ་གང་ཆེ་བྱེད་པ་དང་།    རྒན་བྱིས་ཚང་མས་དམིགས་བརྩེ་མ་འདོན་པ་དང་།    དེ་ཉིན་དེ་སྔའི་ས་གནས་སྲིད་གཞུང་གི་དྲུང་རིགས་སེར་སྐྱ་ཡོངས་རྫོགས་རྩེ་ཕོ་བྲང་དུ་བཅར་ཐོག་དྲུང་ཇའི་སར་རྩེ་ཤོད་ཞབས་གསར་བཞི་ཙམ་གསར་མཇལ་ཞུ་ཞིང་།    དེ་ཉིན་ནས་བཟུང་དེ་སྔའི་ས་གནས་སྲིད་གཞུང་གི་དཔོན་རིགས་རྣམས་ན་བཟའ་དགུན་ཆས་བཞེས།    དྲུང་ཇ་གྲོལ་རྗེས་ཏྰ་ལའི་རིམ་བྱོན་གྱི་གསེར་གདུང་རིན་པོ་ཆེ་བཞུགས་པའི་མཆོད་ཁང་ཁག་ལ་ཕེབས་ནས་གསེར་གདུང་རེ་རེའི་མདུན་དུ་མཆོད་འབུལ་གནང་།    དགོང་དྲོ་ས་རུབ་མཚམས་བཀའ་ཤག་དང་།    ཤོད་སྐོར་ཚང་མ་གཙུག་ལག་ཁང་དུ་ཕེབས་ནས་དཀར་མེའི་མཆོད་གཟིགས་མཛད།    གོང་དུ་ལྷ་ས་དཔལ་ལྷའི་རི་ཁྲོད་དང་།    ཞོལ་པ་དགའ་ལྡན་ལྔ་མཆོད་ཅེས་བཤད་པ་ལྟར་དགའ་ལྡན་ལྔ་མཆོད་ཀྱི་ཉིན་མོ་དེར་རྩེ་ཞོལ་གྱི་གྲོང་མི་ཚོས་ལྷ་སའི་དགའ་ཉེ་རྣམས་སྐུ་མགྲོན་དུ་གདན་དྲངས་ནས་ཞལ་ལག་གཏོང་གི་ཡོད་པ་རེད།

 

 

 

 

 
  རྩོམ་ཡིག་དེ་གཟིགས་གྲུབ་འདུག:(924
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail